ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་ཡོང་སྒོ་དམའ་བའི་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ་བུད་མེད་དང་བྱིས་པ། གཞོན་ནུ་ལོ་ཆུང་བཅས་ལ་དགོས་ངེས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་རེ་འབོད་བཏོན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་དེ་ཡོང་སྒོ་དམའ་བའི་རྒྱལ་ཁབ་ལ་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པས། བུད་མེད་དང་བྱིས་པ། གཞོན་ནུ་ལོ་ཆུང་བཅས་ལ་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ཀྱིན་མེད་ལ། པྲོག་དབྱིབས་ནད་དུག་གིས་བུད་མེད་དང་བྱིས་པ། ལོ་ཆུང་གཞོན་ནུ་རྣམས་ལ་བར་བརྒྱུད་ཤུགས་རྐྱེན་ཐེབས་པ་དེ་ནད་དུག་བྱུང་ནས་ཤི་བ་ལས་ཤུགས་ཆེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲོད་བསྟེན་སྒྲིག་ཆས་དང་གཞིས་ཁུལ་བྱ་འགུལ་གྱི་གཞི་རྩའི་བདེ་ཐང་ཞབས་ཕྱི་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ཕྱོགས་སྟོན་གཏན་ལ་ཕབ་པ་དང་དེའི་ནང་དུ་བུད་མེད་དང་བྱིས་པ། གཞོན་ནུ་ལོ་ཆུང་རྣམས་ལ་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། བུད་མེད་དང་བྱིས་པར་རིམས་ནད་འགོ་བ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་འགན་སྲུང་བྱས་པ་དང་། དེ་མིན་སྦྲུམ་མ་དང་བྱིས་པར་ནད་གཡོག་གང་ལེགས་བྱེད་རྒྱུ་འགན་སྲུང་བྱས་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།