པ་ལེ་སི་ཐན་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཚེས་བཅུ་བཞི་ཉིན་ཡོ་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལཱ་མུའུ་ཨན་ལར་མུ་མཐུད་དུ་རྟོག་ཞིབ་བྱས་པར་མ་ཟད་འབྲེལ་ཡོད་སྒྲིག་གཞིའི་སྨན་བཅོས་ཆེད་མཁས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ཞིབ་བཤེར་དང་སྨན་བཅོས་བྱེད་ཐབས་ཐད་ནས་བརྗེ་རེས་བྱས།
ཉིན་དེར་ཆེད་མཁས་ཚན་ཁག་གིས་པ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་ཁོངས་སུ་གཏོགས་པའི་ཀྲུང་དབྱང་སྤྱི་ཐུན་འཕྲོད་བསྟེན་ཚོད་ལྟ་ཁང་ལ་རྟོག་ཞིབ་བྱས་པར་མ་ཟད། པ་ལེ་སི་ཐན་ཕྱོགས་ཀྱི་ཆེད་མཁས་པས་པྲོག་དབྱིབས་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱས་པའི་ལག་རྩལ་གསར་བ་མཚམས་སྦྱོར་བྱས། ཆེད་མཁས་ཚན་ཁག་གིས་ད་དུང་པ་ལེ་སི་ཐན་འཕྲོད་བསྟེན་པུའུ་འགོ་ནད་རིག་པའི་ཨུ་ཡོན་ལྷན་ཁང་དང་ཚོད་ལྟ་ཁང་གི་ཚོགས་པ། ནད་བརྟག་སྨན་བཅོས་ཨུ་ཡོན་ལྷན་ཁང་། ནད་པ་ལྗོད་མོའི་ལྟ་སྐྱོང་ཚོགས་པ་བཅས་དང་མཉམ་དུ་གྲོས་ཚོགས་བསྡུས་ཏེ། པྲོག་གསར་གློ་ཚད་རིམས་འགོ་ནད་རིག་པའི་ཞིབ་བཤེར་བྱེད་ཐབས་དང་ནད་དུག་ཞིབ་བཤེར་ལག་རྩལ། ནད་བརྟག་སྨན་བཅོས་ཇུས་གཞི། ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པ་སོགས་ཀྱི་ཐད་ལ་གྲོས་སྡུར་བྱས།
ཉིན་དེར་ཆེད་མཁས་ཚན་ཁག་གིས་ད་དུང་ལཱ་མུའུ་ཨན་ལ་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་པའི་སྨན་ཁང་གཉིས་ལ་རྟོག་ཞིབ་བྱས།
ལོ་ཙྭ་བ། བཀྲ་ཤིས་འབུམ།