ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅོ་བརྒྱད་ཉིན་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་བཞི་དང་ཁྲི་ལྔ་ལས་བརྒལ།
ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་རིམས་ནད་བྱུང་བའི་གནས་ཚུལ་བསྡོམས་རྩིས་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅུ་གསུམ་དང་སྐར་མ་སོ་གསུམ་བར་དུ་འཛམ་གླིང་ཡོངས་སུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་བཞི་དང་ཁྲི་ལྔ་བཞི་བརྒྱ་དང་སོ་ལྔ་ལ་སླེབས་པ་དང་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ས་ཡ་བརྒྱད་དང་འབུམ་བཞི་སུམ་བརྒྱ་ཉི་ཤུ་ལ་བསླེབས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནད་ལ་ངོས་བཟུང་བའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཆེས་མང་པོའི་རྒྱལ་ཁབ་ཡིན། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་ལས་བརྒལ་བའི་རྒྱལ་ཁབ་ད་དུང་པ་ཞི་དང་དབྱི་ཇུ། དབྱི་ཐ་ལི། ཧྥ་རན་སི། སི་ཕན་བཅས་རེད།
ལོ་ཙྭ་བ། བཀྲ་ཤིས་འབུམ།