ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་པ་འགར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་ཡོད་པ་དང་། གནོད་པ་ཐེབས་པའི་གཞུང་ཚབ་ཁང་གི་མི་སྣའི་ཁྲོད་ཕྱི་འབྲེལ་དཔོན་པོ་དང་ས་དེའི་ལས་བྱེད་པ་གླས་མ་ཡང་འདུ་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གིས་འོས་འཚམ་གྱི་བྱེད་ཐབས་ཡོད་ཚད་སྤྱོད་བཞིན་ཡོད་པ་དང་། དེའི་ཁྲོད་གཞུང་ཚབ་ཁང་ལ་དུག་སེལ་བྱས་ནས། པྲོག་གསར་གློ་ཚད་བརྒྱུད་མཆེད་བྱེད་པར་བཀག་འགོག་བྱེད་པ་ཡང་འདུ་ཟེར།
ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། གཞུང་ཚབ་ཁང་གི་མི་སྣ་ཉི་ཤུ་ལ་པྲོག་གསར་གློ་ཚད་འགོས་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཆེ་ཤས་ནི་ཨ་མེ་རི་ཁའི་བདེ་འཇགས་སྲུང་སྐྱོབ་མི་སྣ་རེད་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།