ཀྲུང་གོའི་སྲིད་གཞུང་གིས་ལའོ་ཝའོ་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་མཁོ་དངོས་སྐོར་ཐེངས་བཞི་བ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཉེ་སྔོན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་སྤེལ། ལའོ་ཝའོ་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཕུའུ་ཐུང་གིས་བརྒྱུད་སྤྲོད་མཛད་སྒོའི་སྟེང་བཤད་རྒྱུར། ལའོ་ཝའོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ནམ་ཡང་ཀྲུང་གོའི་མཛའ་བཤེས་ཟབ་མོ་དེ་བརྗེད་མི་སྲིད་ཟེར།
ཕུའུ་ཐུང་གིས་བཤད་རྒྱུར། ལའོ་ཝའོ་ཡི་རིམས་འགོག་ཐད་དཀའ་ཁག་ཆེས་ཆེ་བའི་སྐབས་སུ། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་དུས་ཐོག་ཏུ་ལའོ་ཝའོ་རུ་སྨན་བཅོས་ཆེད་མཁས་ཚན་ཆུང་མངག་སྟེ་རིམས་འགོག་དང་གསོ་བཅོས་ཇུས་གཞི་འདོན་སྤྲོད་བྱས་པ་དང་། ལའོ་ཝའོ་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་རིམས་འགོག་བྱ་བ་སྤེལ་བར་མཛུབ་སྟོན་བྱས་པར་མ་ཟད། བསྟུད་མར་རིམས་འགོག་མཁོ་དངོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། ལའོ་ཝའོ་ཡི་རིམས་འགོག་ཐད་ཐོག་མའི་གྲུབ་འབྲས་ཐོབ་ཡོད་པ་དེ་ཀྲུང་གོས་ཉམས་མྱོང་དང་ལག་རྩལ་བཟང་བོ་མཉམ་སྤྱོད་བྱས་པ་དང་མཁོ་དངོས་ཀྱི་རོགས་སྐྱོར་བྱས་པར་འབྲལ་ཐབས་མེད་ལ། ལའོ་ཝའོ་ཕྱོགས་ཀྱིས་དོན་དེར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་ཝང་ཆི་ཧོས་བརྒྱུད་སྤྲོད་མཛད་སྒོར་ཞུགས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།