ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་རྒྱལ་ཡོངས་ཀྱི་དུག་འགོག་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀྲིན་ཧྲིན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས།
ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུག་འགོག་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་ཡོངས་ཀྱི་དུག་འགོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དུག་འགོག་བྱ་བའི་མདུན་དུ་ལྷགས་པའི་ཉེན་ཁར་ངོས་འཛིན་གསལ་བོ་བྱེད་དགོས་ལ། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་དགོས་པར་མ་ཟད། ཆབ་སྲིད་ཀྱི་ཁག་ཁུར་དང་འགན་འཁྲིའི་ཁག་ཁུར། ལས་འགན་གྱི་ཁག་ཁུར་ནུས་པར་བརྟེན་ནས་དུག་འགོག་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་དུག་རྫས་ཀྱི་འབུར་ཐོན་གནད་དོན་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དུག་རྫས་ལ་འབྲེལ་བ་ཡོད་པའི་ཉེན་ཁ་ཞི་འཇགས་སུ་གཏོང་དགོས་ལ། ཕྱོགས་བསྡུས་བཅོས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། མགོ་ཁུངས་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་པ་དང་རྒྱུན་མཐུད་སྒོས་དུག་འགོག་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་དམངས་ཡོངས་ཀྱི་དུག་འགོག་དང་དུག་སེལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་ལ་འཆར་འགོད་བྱེད་པ་དང་ཕྱོགས་སོ་སོའི་ཐོན་ཁུངས་ལེགས་སྒྲིག་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱས་ཏེ། རྦད་ཆོད་སྒོས་དུག་འགོག་གི་མི་དམངས་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་དགོས་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།