འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་ལྔ་ལས་བརྒལ།
2020.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་མེ་རི་ཁའི་ཡུའེ་ཧན་སི.ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་ལྔ་ལས་བརྒལ་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་སོ་གསུམ་སྟེང་བར་དུ། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་ལྔ་དང་བརྒྱ་དང་བརྒྱད་ལ་སླེབས་པ་དང་། ནད་རྟགས་ངོས་འཛིན་བྱས་པའི་ནད་པ་བྱེ་བ་གཅིག་དང་ཁྲི་དྲུག་སྟོང་གསུམ་སུམ་བརྒྱ་དང་བཅུ་དགུ་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ནད་རྟགས་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བ་དང་། སོ་སོར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གསུམ་སྟོང་དགུ་ལྔ་བརྒྱ་ཞེ་བཞི་དང་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔ་བདུན་བརྒྱ་ཞེ་བདུན་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཉིས་ལས་བརྒལ་བའི་རྒྱལ་ཁབ་ད་དུང་པ་ཞི་དང་དབྱིན་ཇི། དབྱི་ཐ་ལི། ཧྥ་རན་སི། སི་ཕན། མོ་ཞི་ཁོ་བཅས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།