ཚེས་བདུན་ཉིན་གྱི་སྔ་དྲོར། པ་ཞིའི་ཙུང་ཐུང་པོ་སོ་ན་ལུའོ་ཡིས་ས་གནས་དེ་གའི་གསར་ལམ་ཁག་མང་པོའི་ཐད་གཏོང་ནང་བཤད་རྒྱུར། ཁོང་རང་ཉིད་ཀྱིས་ཚེས་དྲུག་ཉིན་གྱི་པྲོག་དབྱིབས་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ནི་གདགས་གཤིས་སུ་མངོན་འདུག་ཟེར།
པ་ཞིའི་ཙུང་ཐུང་ལས་ཤག་གིས་ཚེས་བདུན་ཉིན་གྱི་སྔ་དྲོར་རྩོམ་ཡིག་སྤེལ་ནས་བསྟན་དོན། ཚེས་དྲུག་ཉིན་གྱི་དགོང་མོར་པོ་སོ་ན་ལུའོ་ལ་ནད་དུག་གསར་པ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཚེས་བདུན་ཉིན་གྱི་སྔ་དྲོ་གདགས་གཤིས་ཀྱི་འབྲས་རྟགས་མངོན་པ་རེད་ཟེར།
པ་ཞི་ཡི་གསར་ལམ་ཁག་མང་པོས་ཚེས་དྲུག་ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། པོ་སོ་ན་ལུའོ་ལ་ཚ་བ་རྒྱས་པའི་ནད་རྟགས་བྱུང་ནས་ལུས་དྲོད་ཏུའུ་སོ་བརྒྱད་ལ་སླེབས། ཁྲག་དབྱང་ཚད་ལོངས་ཚད་བརྒྱ་ཆའི་གོ་དྲུག་ཡིན། པོ་སོ་ན་ལུའོ་ཉིན་དེར་སྨན་ཁང་དུ་སོང་ནས་གློ་བརXའོད་ཀྱིས་བརྟག་དཔྱད་བྱས་ནའང་། གནད་དོན་མ་རྙེད་པར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པ་རེད་ཟེར།
དེའི་སྔོན། པོ་སོ་ན་ལུའོ་ཡིས་ནད་དུག་གསར་བ་ཐེངས་གསུམ་ལ་ཞིབ་དཔྱད་ཚད་ལེན་བྱས་མཐར་ཚང་མ་སྲིབ་གཤིས་སུ་མངོན་ཡོད་འདུག
ལོ་ཙཱ་བ། བན་དེ་སྐྱབས།