ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་མགྲིན་ཚབ་པ་ཝེ་ལེན་མུའུ་སུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་ལས་ཞུགས་དང་ངལ་རྩོལ་པུའུ་ཡི་པུའུ་ཀྲང་ཨིན་ཁི་སའེ་ཞི་ཡི་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་མཇུག་འབྲས་གདགས་གཤིས་སུ་མངོན་ནས། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནང་སྲིད་པུའུ་ཀྲང་གསུམ་པར་གྱུར་ཡོད་ཟེར།
ཝེ་ལེན་མུའུ་སི་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཨིན་ཁི་སའེ་ཞི་ལ་ཉིན་དེར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་སུ་མངོན་པའི་སྙན་ཞུ་འབྱོར་བ་དང་། ཁོས་རང་ཁྱིམ་དུ་ལོགས་བཀར་བྱས་ནས་མུ་མཐུད་དུ་བྱ་བ་བསྒྲུབ་རྒྱུ་ཡིན་པ་དང་། ཁོ་དང་འབྲེལ་ཐུག་བྱས་པའི་མི་རྣམས་ཀྱིས་སྨན་བཅོས་བརྟག་དཔྱད་དང་ལེན་བྱེད་རྒྱུ་རེད།
ཝེ་ལེན་མུའུ་སི་ཡིས་བཤད་རྒྱུར། ཨིན་ཁི་སའེ་ཞི་ལས་གཞན། ད་དུང་སྲིད་གཞུང་གི་པུའུ་ཀྲང་གཉིས་དང་པུའུ་ཀྲང་གཞོན་པ་གཉིས་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་ཡོད་ལ། དེའི་ཁྲོད་རྒྱལ་སྲུང་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་པུའུ་ཀྲང་མཱ་ཕིས་སཱ.ཨིན་ཁ་པུའུ་ལཱ་དང་གཏེར་ལས་ཐོན་ཁུངས་དང་ནུས་ཁུངས་པུའུ་ཀྲང་མན་ཐཱ་ཞེ། སྤྱི་ཚོགས་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་གཞོན་པ་པོ་ཀི་ཕ་ནེ.ཙུའུ་ལུའུ་སོགས་འདུ། དེ་ལས་གཞན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཨིན་ཁཱ་ཁུའུ་ལ་ཡང་པྲོག་གསར་གློ་ཚད་རིམས་ནད་འགོས་ཡོད་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།