ཨ་མེ་རི་ཁའི་ཡུའེ་ཧན་སི.ཧུའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་སོ་ལྔའི་བར་དུ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་ཁྲི་དྲུག་བཞི་བརྒྱ་དང་གཉིས་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་དྲུག་དང་སྟོང་གཅིག་བརྒྱད་བརྒྱ་ཉི་ཤུ་ལ་སླེབས།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཡིན་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བཞི་སྟོང་གཅིག་ལྔ་བརྒྱ་སོ་དགུ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་བརྒྱ་དང་དོན་དྲུག་ལ་སླེབས། པ་ཞི་རུ་པྲོག་གསར་གློ་ཚད་ཕག་པར་ངོས་བཟུང་བའི་ནད་པ་ས་ཡ་གཉིས་དང་ཁྲི་བཞི་སྟོང་དྲུག་སུམ་བརྒྱ་ཉེར་བརྒྱད་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བདུན་དང་སྟོང་བདུན་བརྒྱད་བརྒྱ་ང་གཅིག་ལ་སླེབས་ཡོད་ལ། གཞི་གྲངས་གཉིས་ཀ་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པར་གནས།
དེ་ལས་གཞན། པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པའི་ཁ་གྲངས་འབུམ་གསུམ་ལས་བརྒལ་བའི་རྒྱལ་ཁབ་ད་དུང་རྒྱ་གར་དང་ཨུ་རུ་སི། ཕེ་རུ། ཨ་ཧྥེ་རི་ཁ་ལྷོ་མ། མོ་ཞི་ཁོ་དང་ཀྲི་ལི་བཅས་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གསུམ་ལས་བརྒལ་བའི་རྒྱལ་ཁབ་ད་དུང་དབྱིན་ཇི་དང་མོ་ཞི་ཁོ། དབྱི་ཐ་ལི། ཧྥ་རན་སི་བཅས་ཡོད།
ལོ་ཙཱ་བ། རིན་ཆེན་མཚོ།