འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཁྲི་དྲུག་སྟོང་གཉིས་དང་བདུན་བརྒྱ་དགུ་བཅུ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ཆུ་ཚོད་བཅུ་པའི་བར་དུ། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་དྲུག་བརྒྱ་ཞེ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཁྲི་དྲུག་དང་སྟོང་གཉིས་བདུན་བརྒྱ་དགུ་བཅུ་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་བརྒྱ་དང་བཅུ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་ལྔ་དང་ཁྲི་དགུ་སྟོང་དགུ་དང་སོ་བརྒྱད་ལ་སླེབས་ཡོད།
འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་བདུན་བརྒྱ་བརྒྱད་ཅུ་མང་དུ་སོང་བ་དང་། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་ཁྲི་བཞི་དང་སྟོང་བརྒྱད་བརྒྱད་བརྒྱ་ང་བརྒྱད་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་ལྔ་དང་བརྒྱ་དང་བཅུ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་དྲུག་དང་སྟོང་གསུམ་དྲུག་བརྒྱ་གོ་གཅིག་ལ་སླེབས་ཡོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།