ཨ་ཧྥེ་རི་ཁ་ལྷོ་མ་སྲིད་གཞུང་གི་མགྲིན་ཚབ་པ་ཝེ་ལིན་མུའུ་སི་ཡིས་ཚེས་ཉི་ཤུ་ཉིན་བཤད་དོན། ཉེ་ལམ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་གཏེར་ལས་ཐོན་ཁུངས་དང་ནུས་ཁུངས་པུའུ་ཀྲང་མན་ཐ་ཞེ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་བཞིན་ཡོད་ཟེར།
ཝེ་ལིན་མུའུ་སི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་དོན། མན་ཐ་ཞེ་བཟའ་ཟླ་གཉིས་ཀ་གཟའ་འཁོར་གཅིག་གི་སྔོན་ལ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་རྗེས་ཁྱིམ་ཚང་དུ་ལོགས་བཀར་བྱས་ཏེ་སྨན་བཅོས་བྱེད་བཞིན་ཡོད། སྨན་པས་གྲོས་གཞི་བཏོན་པ་ལྟར། མན་ཐ་ཞེ་ཚེས་ཉི་ཤུ་ཉིན་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་ཀྱིན་ཡོད་ལ། ཁོའི་ཆུང་མ་སྔར་བཞིན་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད་ཟེར།
མན་ཐ་ཞེ་ལས་གཞན་ད་དུང་ཨ་ཧྥེ་རི་ཁ་ལྷོ་མའི་ལས་ཞུགས་དང་ངལ་རྩོད་པུའུ་ཀྲང་ཨུན་ཁི་སེ་ཞི་དང་རྒྱལ་སྲུང་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་པུའུ་ཀྲང་མ་པུས་ས་ཨུན་ཁ་ཁུའུ་ལ་གཉིས་ཀར་དེའི་སྔོན་ལ་པྲོག་དབྱིབས་ནད་དུག་འགོས་པར་ངོས་འཛིན་བྱས། མིག་སྔར་མ་པུས་ས་ཨུན་ཁ་ཁུའུ་ལ་ཡི་ནད་དྲག་སྐྱེད་བྱུང་བ་དང་ཨུན་ཁི་སེ་ཞི་སྔར་བཞིན་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད།
བསྒྲགས་པའི་གནས་ཚུལ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་འགོ་གཙོའི་ཁྲོད་དུ་ཧྲིན་ཀྲང་གསུམ་ཡོད་པ་དང་། ཁོ་ཚོའི་ནད་གཞི་དེ་འདྲ་ལྗིད་མོ་མིན་ལ། མིག་སྔར་ཁྱིམ་ཚང་དུ་ལོག་བཀར་བྱས་ཏེ་སྨན་བཅོས་བྱེད་བཞིན་ཡོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།