རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་དགའ་རྟགས་ཐོབ་མཁན་ལ་གཟེངས་རྟགས་བྱ་དགའ་གནང་ནས་གཏམ་བཤད་གལ་ཆེན་སྤེལ་རྒྱུ་རེད། 
2020.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཟླ་དགུ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་རྟགས་མ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་བྱ་དགའ་གནང་རྒྱུ་མ་ཟད། གསུང་བཤད་གལ་ཆེན་གནང་རྒྱུ་རེད། 

ཚོགས་ཆེན་ནས་ད་རུང་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་རྒྱུ་རེད། 

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་སྤྱི་ཁྱབ་ཁང་དང་། ཞིན་ཧྭ་གསར་འགྱུར་དྲ་བས་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་བྱེད་རྒྱུ་ཡིན་པ་དང་། མི་དམངས་གསར་འགྱུར་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་གསར་འགྱུར་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དག་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་སོགས་སྨྱན་བྱད་གསར་བའི་སྤྱི་སྟེགས་ཀྱིས་དུས་མཉམ་དུ་བརྒྱུད་གཏོང་བྱེད་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།