ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་ཉེར་བཞི་བ་བརྙན་རིས་ཀྱི་ལམ་ནས་བསྡུས་ཏེ། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རིམས་ནད་འགོག་བཅོས་ལྟ་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྟོན་དགུན་དུས་ཀྱི་རིམས་ནད་འགོག་བཅོས་ཀྱི་གཙོ་གནད་བྱ་བར་སྔར་ལས་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་བཀོད་སྒྲིག་ཞིབ་མོ་བྱས།
ཚོགས་ཐོག་ནས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ད་དུང་འཛམ་གླིང་ཡོངས་སུ་མཆེད་ཀྱིན་སྒང་ཡིན་ལ། རྒྱལ་ནང་དུ་མཆེད་པའི་ཉེན་ཁ་ཡང་ཡོད་ལ། དེའི་ཐོག་སྟོན་དགུན་དུས་ནི་པྲོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས་སོགས་དབུགས་ལམ་གྱི་རིམས་ནད་འབྱུང་སླ་བའི་དུས་སྐབས་ཡིན་པས། ཕྱིའི་ནད་པ་རང་ཞིང་དུ་ཡོང་བ་འགོག་པ་དང་ནང་ཁུལ་ནས་ཡང་བསྐྱར་བྱུང་བའི་ལས་འགན་སྔར་བཞིན་ཧ་ཅང་ལྕི། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཡུན་རིང་བོར་འགོག་བཅོས་བྱེ་དཔའི་བསམ་བློ་བརྟན་པོ་འཛུགས་པ། ལྷོད་གཡེང་གི་བསམ་བློ་དང་སྟབས་ལེགས་ཀྱི་བསམ་བློ་ཁྱད་སེལ་བྱེད་པ། འགོག་བཅོས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། སྤྱི་ཁོག་གི་འཕྲལ་བསྟུན་ཐག་གཅོད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྟོང་ཟད་དུ་གཏོང་མི་རུང་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཕྱིའི་ནད་པ་ནང་དུ་ཁྱབ་པར་བཀག་འགོག་དང་ནང་ཁུལ་དུ་ཡང་བསྐྱར་མཆེད་པར་བཀག་འགོག་བྱེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་། སྔ་མོ་བཞིའི་རེ་བ་ལག་བསྟར་ནན་མོ་བྱེད་པ། མི་སྣའི་མཉམ་བཤེར་མཉམ་འགོག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱིའི་ནད་པ་ནང་དུ་ཁྱབ་པ་བཀག་འགོག་བྱེད་པའི་འགོག་ཐིག་བརྟན་པོ་འཛུགས་དགོས། ཉིང་སྐྱུར་ཚད་འཇལ་ནུས་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་ན། རིམ་པ་སོ་སོའི་བཀོད་འདོམས་པུའུ་ཡི་འགན་ཁུར་བློ་མཐུན་ཚོས་ཧ་ཅང་མཐོང་ཆེན་བྱེད་པ་དང་འགན་ཁུར་ཕྲག་ཏུ་བླངས་ཏེ། དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། སྤྱི་ཐུན་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོབསྣན་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་ཉིང་སྐྱུར་ཚད་འཇལ། སྨན་བཅོས་སྲོག་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བཤེར་རང་བཅོས་དང་དག་ཐེར་ལེགས་བཅོས་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྟོན་དགུན་དུས་ཀྱི་རིམས་ནད་འགོག་བཅོས་ཆེད་དོན་ལྟ་ཞིབ་ཀྱི་འབྲེལ་ཡོད་གཞོགས་འདེགས་བྱ་བ་བཟང་བོར་བསྒྲུབ་དགོས། བདེ་འཇགས་དྲིལ་སྒྲོག་དང་ཚན་རྩལ་ཁྱབ་གདལ་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ། འགོག་བཅོས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ཁྱབ་གདལ་དུ་བཏང་ནས། རང་ཉིད་འགོག་སྲུང་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་བཟང་བོ་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཧུར་ཐག་གིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ། རིམས་འགོག་འཐབ་རྩོད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།