རོ་མ་ནི་ཡའི་དཔོན་ཕྱོགས་ཀྱིས་ཟླ་དགུ་བའི་ཚེསད་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། འདས་ཟིན་པའི་ཆུ་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་བརྒྱ་དང་ང་བརྒྱད་འཕར་སྣོན་བྱུང་བ་དང་། དེ་ནི་རིམས་ནད་བྱུང་བའི་ཚུན་ལ་རྒྱལ་ཁབ་དེར་ཉིན་གཅིག་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འཕར་ཚད་ཐོག་དང་པོར་སྟོང་གཉིས་ལས་བརྒལ་བ་རེད། མིག་སྔར་རྒྱལ་ཁབ་དེར་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བདུན་ལྔ་བརྒྱ་དང་དོན་གཉིས་ལ་སླེབས་པ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་བརྒྱད་བརྒྱ་ཉེར་ལྔར་སླེབས།
གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་9པར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བཞི་དང་སོ་གཉིས་ལ་སླེབས་པ་དང་། ཟླ་9པར་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་དང་ནད་པ་ལྗིད་མོའི་གྲངས་ཀ་ཡང་མུ་མཐུད་དུ་ཇེ་མང་ལ་འགྲོ་བཞིན་ཡོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།