འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་སྟོང་བཞི་སུམ་བརྒྱ་ཞེ་བརྒྱད་ལ་སླེབས།
2020.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཚེས་བཞི་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་སྟོང་བཞི་སུམ་བརྒྱ་ཞེ་བརྒྱད་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་གི་གཞི་གྲངས་ཆེས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཟླ་བཅུ་བའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་བརྒྱད་བར་དུ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་འབུམ་གསུམ་སྟོང་བཞི་བཞི་བརྒྱ་ཞེ་གསུམ་ཇེ་མང་ལ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་སྟོང་བཞི་སུམ་བརྒྱ་ཞེ་བརྒྱད་ལ་སླེབས་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་གསུམ་བདུན་བརྒྱ་སོ་བརྒྱད་ལ་སླེབས།

ལོ་ཙཱ་བ། བན་དེ་སྐྱབས།