དམངས་འདོད་བརྟག་དཔྱད་བྱས་འབྲས་གསར་ཤོས་ཤིག་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་མི་མང་ཆེ་བས་ཨ་རི་སྲིད་གཞུང་གིས་རྒྱལ་ནང་གི་རིམས་ནད་ཀྱི་གནས་ཚུལ་གསར་པར་འགན་གཙོ་བོ་འཁུར་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཨ་མེ་རི་ཁ་མཉམ་འབྲེལ་ཁང་གིས་ཚེས་ལྔ་ཉིན་ཀྲི་ཅ་ཀི་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ། དམངས་འདོད་བརྟག་དཔྱད་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས། ཐེངས་འདིའི་བཅར་འདྲི་དང་ལེན་བྱེད་མཁན་གྱི་བརྒྱ་ཆའི་ང་དྲུགགིས་རྒྱལ་ནང་གི་རིམས་ནད་གནས་ཚུལ་དེ་ཨ་རི་སྲིད་གཞུང་ལ་ངན་ཁག་དཀྲི་བཞིན་ཡོད།
ད་ཐེངས་ཀྱི་བརྟག་དཔྱད་དེ་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་བཞི་ཉིན་བར་བྱས་པ་དང་། ཐེངས་འདིའི་བཅར་འདྲིའི་ཁྲོད་མི་དར་མ་སྟོང་གཅིག་དང་ང་གསུམ་གྱིས་བཅར་འདྲི་དང་ལེན་བྱས་ཡོད། དམངས་གཙོ་ཏང་གི་བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆའི་དོན་དགུ་ཡིས། ཨ་མེ་རི་ཁ་སྲིད་གཞུང་གིས་རིམས་ནད་ཀྱི་ད་ལྟའི་གནས་ཚུལ་ལ་འགན་གཙོ་བོ་འཁུར་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དེ་དང་བསྡུར་ན་ལྟ་ཚུལ་གཅིག་པ་འཛིན་མཁན་སྤྱི་མཐུན་ཏང་གི་མི་བརྒྱ་ཆའི་སོ་བརྒྱད་ལས་མེད།
ལོ་ཙཱ་བ། བན་དེ་སྐྱབས།