ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པའི་རྒྱས་བཤད་གལ་ཆེན་འདེམ་བསྒྲིགས་དབྱིན་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས།
2020.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 159

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་གླིང་གིས་ལོ་ཙཱ་བྱས་པའི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པའི་རྒྱས་བཤད་གལ་ཆེན་འདེམ་བསྒྲིགས་དབྱིན་འགྱུར་མ་དེ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པའི་རྒྱས་བཤད་གལ་ཆེན་འདེམ་བསྒྲིགས་ཞེས་པའི་རྒྱ་ཡིག་གི་པར་གཞི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཤིང་། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི་འབྲེལ་ཡོད་རྩོམ་ཡིག་གལ་ཆེན་ཞེ་གསུམ་བཀོད་ཡོད། ཕྱི་རྒྱལ་གྱི་ཀློག་པ་པོས་དཔེ་ཀློག་དང་རྒྱུས་ལོན་ཟབ་མོ་བྱེད་པར་སྟབས་བདེ་བཟོ་ཆེད། དབྱིན་འགྱུར་མའི་ནང་དུ་མཆན་འགྲེལ་བྱས་པ་དང་དཀར་ཆག་བཟོས་ཡོད། དཔེ་ཆ་དེའི་དབྱིན་འགྱུར་མ་པར་བསྐྲུན་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་སོས་བློ་མཐུན་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་རྒྱས་བཤད་གལ་ཆེན་དང་ལག་ལེན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཞིང་མགྱོགས་མྱུར་སྒོས་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་དཀའ་སྤྱད་འབད་བརྩོན་བྱས་པ་དང་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པར་རོགས་འདེགས་ཆེན་པོ་བྱེད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་སྟོབས་གལ་ཆེན་ངོས་འཛིན་གསལ་བོ་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ལོ་ཙཱ་བ། བཀྲ་ཤིས་འབུམ།