མ་ལེ་ཞི་ཡས་ཀྲུང་གོ་ནས་ཉོས་པའི་རིམས་འགོག་སྨན་ཁབ་ཁག་དང་པོ་ཅི་ལུང་ཕཱོ་ལ་འབྱོར།
2021.03.01 ཁུངས། ཀློག་གྲངས། 39

ས་དེ་གའི་དུས་ཚོད་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད9པར་མ་ལེ་ཞི་ཡའི་སྲིད་གཞུང་གིས་ཀྲུང་གོའི་ཕྱོགས་ནས་ཉོ་སྒྲུབ་བྱས་པའི་ཁུ་ཞིན་ཀུང་སིའི་པྲོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཅི་ལུང་ཕཱོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།རིམས་འགོག་སྨན་ཁབ་ཁག་འདི་ནི་བཤེར་གཟུགས་ཕྱེད་བཟོས་ཐོན་རྫས་ཁག་ཅིག་ཡིན་ལ།ཉེ་སྔོན་བཞག་པའི་གྲོས་ཡིག་ལྟར་ན།མ་ལེ་ཞི་ཡ་སྲིད་གཞུང་གིས་ཁོ་ཚོའི་རྒྱལ་ཁབ་ཀྱི་སྨན་བཟོའི་ཁེ་ལས་ཧྥ་མཱ་ཀུང་ཟིས་ཁུ་ཞིན་ཀུང་ཟིའི་ལག་ནས་ཕྱེད་བཟོས་ཐོན་རྫས་འདི་ཉོ་རྒྱུ་དང་།དེ་ནས་ཧྥ་མཱ་ཀུང་ཟིས་སྨན་རྫས་ཀྱི་བཟོས་འཕྲོ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་རེད།

མ་ལེ་ཞི་ཡའི་ཚན་རིག་དང་ལག་ཤེས།གསར་གཏོད་པུའུ་ཀྲང་ཁའེ་ལི་ཅཱ་མའེ་ལུ་ཏེན་གྱིས་བཤད་རྒྱུར།མ་ལེ་ཞི་ཡ་སྨན་རྫས་རྟོག་ཞིབ་ཁང་གི་ཆོག་མཆན་ཐོབ་རྗེས།སྨན་ཁབ་ཁག་འདི་གང་མྱུར་སྒོས་རང་ས་གནས་ལ་མཁོ་སྤྲོད་བྱ་རྒྱུ་ཡིན་ཟེར།

མི་ཕམ་མགོན་པོས་བསྒྱུར།