ཕུའུ་ཐའོ་ཡའི་ཙུང་ལི་ཁི་སི་ཐ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཟུང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བཀག་རྒྱ་དང་བཀག་སྡོམ་བྱས་པའི་བྱེད་ཐབས་སྣ་ཚོགས་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས།
2021.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། ཕུའུ་ཐའོ་ཡའི་ཙུང་ལི་ཁི་སི་ཐ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཟུང་རིམ་པ་གསུམ་བྱས་ཏེ་རྒྱལ་ཁབ་དེས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བཀག་རྒྱ་དང་བཀག་སྡོམ་བྱས་པའི་བྱེད་ཐབས་སྣ་ཚོགས་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཁི་སི་ཐ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་རྒྱལ་ཁབ་དེས་མཚན་བཀག་མེད་པར་གཏོང་རྒྱུ་དང་བཟའ་བཏུང་ལས་རིགས་སོགས་སླར་གསོ་བྱེད་པ་དང་རྒྱུན་ལྡན་ལྟར་ཚོང་གཉེར་བྱས་ཆོག ཡིན་ནའང་མི་རྣམས་གཟའ་ཉི་མ་དང་གུང་གསེང་སྐབས་སུ་སྤྱི་ཐུན་ཚོགས་ར་སོགས་སུ་འགྲོ་སྐབས། ངེས་པར་དུ་འགོག་སྨན་བརྒྱབ་པའི་འཛིན་ཡིག་དང་ཡང་ན་ཉིང་སྐྱུར་བརྟག་འཇལ་བྱས་བའི་མཇུག་འབྲས་གདགས་གཤིས་མིན་པའི་ལག་རྟགས་སྟོན་དགོས་ཟེར།

ཁི་སི་ཐ་ཡིས་བཤད་དོན། ཟླ་དགུ་བའི་ནང་འགོག་སྨན་བརྒྱབ་པའི་མི་གྲངས་རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བདུན་ཅུ་ལ་བསླེབ་སྐབས། ཁ་ཐུམ་རྒྱག་དགོས་པའི་རེ་བ་མེད་པར་གཏོང་དགོས་པར་མ་ཟད་ཚོགས་འདུ་དང་ཡང་ན་འཁྲབ་སྟོན་སོགས་བྱ་འགུལ་ལ་ཞུགས་པའི་མི་གྲངས་ཚོད་འཛིན་མེད་པར་གཏོང་རྒྱུ་ཡིན་ཟེར།

ཕུའུ་ཐའོ་ཡ་རྒྱལ་ཁབ་འཕྲོད་བསྟེན་སྤྱི་ཁྱབ་ཅུའུ་ཡིས་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན། མིག་སྔར་ཕུའུ་ཐའོ་ཡའི་མི་གྲངས་ཀྱི་བརྒྱ་ཆའི་ང་གསུམ་ལ་འགོག་སྨན་བརྒྱབ་ཟིན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཕུའུ་ཐའོ་ཡ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་དགུ་དང་ཁྲི་དྲུག་ལས་བརྒལ་བ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི་གཅིག་དང་སྟོང་བདུན་ལས་བརྒལ།

                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།