རྒྱ་ཆེ་བའི་སྨན་བཅོས་ལས་བྱེད་མི་སྣར་སྤྲིངས་པའི་འཚམས་འདྲི་ཡི་གེ
2020.01.27 ཁུངས། ཀློག་གྲངས། 59

ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ལས་གནས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེ་བའི་སྨན་བཅོས་ལས་བྱེད་མི་སྣ་རྣམ་པ།

ཁྱོད་ཚོས་དཀའ་ལས་མྱངས་སོང་།

གློ་བུར་དུ་བྱུང་བའི་རིམས་ནད་ལ་གདོང་གཏད་དེ་ཁྱོད་ཚོས་ཁྱིམ་མི་ལྷན་འཛོམས་ཀྱི་གོ་སྐབས་བཟང་པོ་རྒྱབ་ཏུ་བསྐྱུར་ཅིང་རང་སྲོག་ལ་མ་འཛེམས་པར་འགན་འཁྲི་དང་དུ་བླངས་ནས། སྒེར་སེམས་མེད་པར་ཡོད་ཚད་འབུལ་ནུས་པའི་གསར་བརྗེའི་སྙིང་སྟོབས་དང་སྲོག་སྐྱོབ་རྨས་གསོའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཉིན་མཚན་ལྟོས་མེད་ཀྱིས་གསར་བྱུང་གི་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་སྔོན་འགོག་བྱ་བའི་མདུན་གྲལ་དུ་འབད་འཐབ་བྱས་ནས། མཚོ་སྔོན་གྱིས་ནུས་ལྡན་སྒོས་རིམས་ནད་སྔོན་འགོག་བྱེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ཅིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གི་དོན་དུ་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་བཞིན་པ་དེ་ལོ་སར་སྐབས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་འདུག་པས། ལོ་རྒྱུས་ཀྱིས་ཁྱོད་ཚོ་བརྗེད་མི་སྲིད་ལ། མི་དམངས་ཀྱིས་ཁྱོད་ཚོ་བརྗེད་མི་སྲིད། ཏང་དང་རྒྱལ་ཁབ་ཀྱིས་ཁྱོད་ཚོ་བརྗེད་མི་སྲིད། ང་ཚོས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཁྱོད་ཚོ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

རིམས་ནད་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་བཟོ་བཞིན་པའི་དུས་སྐབས་འདིར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བླང་བྱ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་འབོད་སྐུལ་དུས་ཐོག་ཏུ་དང་དུ་ལེན་མགོ་བརྩམས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བ་དེ་ད་སྔའི་ཆེས་ཁ་ཚ་དགོས་གཏུག་དང་ཆེས་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་འཛིན་བཞིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་མགྱོགས་མྱུར་གྱིས་བཙུགས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་དང་སྐུལ་སློང་བྱས་ཐོག སྟོབས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྒྲུབ་བཞིན་ཡོད། དེང་སྐབས་རྒྱལ་ཡོངས་སུ་རིམས་ནད་མཆེད་པའི་རྒྱུན་ད་དུང་གཅོད་ཐུབ་མེད་ལ། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། རེ་བ་ལ་ཁྱོད་ཚོས“འདུ་ཤེས་བཞི”སྔར་ལས་ཇེ་དྲག་དང“ཡིད་ཆེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”སྔར་ལས་བསྒྲུབ་ཐུབ་པར་བྱ་དགོས་ཤིང་། “ཚེ་སྲོག་ལ་གཅེས་སྐྱོང་དང་། སྲོག་སྐྱོབ་རྨས་གསོ། ཡོད་ཚད་འབུལ་ནུས་པ། བརྩེ་བར་མཐའ་མེད་པའི”ལས་རིགས་ཀྱི་སྙིང་སྟོབས་རྒྱ་ཆེར་དར་སྤེལ་བཏང་སྟེ་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ནས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། རི་མཐོ་ས་གཙང་བའི་གནས་མཆོག་སྲུང་སྐྱོང་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཁྱོད་ཚོའི་བདེ་ཐང་དང་བདེ་འཇགས་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཆེས་སེམས་ཁྲལ་བྱེད་ས་ཡིན་པས། ཁྱོད་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་སྲུང་བྱེད་པར་ཞབས་ཕྱི་སྒྲུབ་པ་དང་ཆབས་ཅིག་ཏུ། རང་ཉིད་ལ་འགོག་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ལུས་སེམས་ཀྱི་གནོན་ཤུགས་སེལ་ཐབས་བྱས་ནས་རང་ཉིད་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་ཚང་མའི་བརྩོན་སེམས་སྲུང་སྐྱོང་དང་སྐུལ་སློང་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ཡོད་ཚད་འདོན་སྤྲོད་བྱ་ངེས་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཁྱོད་ཚོ་དང་མཉམ་དུ་འབད་འཐབ་བྱ་ངེས་ཡིན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་དམངས་སེམས་གཅིག་བསྡུས་དང་སྟོབས་ཤུགས་མཉམ་སྒྲིལ། ཡིད་ཆེས་བརྟན་བཅངས། ཕྱར་བ་གྲུ་འདེགས་བཅས་ཀྱི་སྒོ་ནས་ཚན་རིག་དང་མཐུན་པར་འགོག་བཅོས་དང་གནད་ཁེལ་སྒོས་ཐབས་ཇུས་བཏོན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེས་མཇུག་མཐའི་རྒྱལ་ཁ་མཉམ་གཅིག་ཏུ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་མཉམ་གཅིག་ཏུ་སྲུང་སྐྱོང་བྱ་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལིའུ་ཉིང་།

2020ལོའི་ཟླ1པོའི་ཚེས26ཉིན།