མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང4བ)
2020.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 129

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོས་ཐུགས་ཁུར་དང་ཤུགས་ཡོད་སྒོས་རྒྱབ་སྐྱོར་བས་པའི་སྟེང་ནས་སྤྱི་ཚོགས་ཀྱི་བརྩེ་བ་ཆེན་པོ་དང་མཉམ་སྲུང་རོགས་རེས་ཀྱི་སྙིང་སྟོབས་མངོན་པར་བྱས། རིམས་ནད་མཆེད་རྒྱ་ཆེ་རུ་འགྲོ་བར་རྦད་ཆོད་ཀྱིས་སྔོན་འགོག་དང་རིམས་ནད་བཀག་འགོག་གི་འཐབ་རྩོད་ལ་རྒྱལ་ཁ་ལེན་ཆེད། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་སོ་སོས་རོགས་སྐྱོར་བྱེད་པའི་པའི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་སྟེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཞལ་འདེབས་འབུལ་བའི་བྱ་བ་ཤུགས་ཡོད་སྒོས་ལེགས་པོར་བསྒྲུབས་པར་གཞིགས་ཏེ། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཤམ་གསལ་ལྟར། 

གཅིག ཞལ་འདེབས་དང་ལེན་བྱེད་མཁན།

(གཅིག) མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཙོ་བོ་ཞལ་འདེབས་མ་དངུལ་དང་། སྨན་བཅོས་རྒྱུ་དངོས། སྨན་བཅོས་སྡེ་ཁག་གིས་སྤྱོད་པའི་འགན་སྲུང་རྒྱུ་དངོས་སྣ་ཚོགས་དང་ལེན་བྱེད་དགོས། འབྲེལ་གཏུག་ཁ་པར་ཨང་གྲངས། 0971-8252064 བརྙན་སྐྱེལ་ཨང་གྲངས། 0971-8252292 འབྲེལ་གཏུག་བྱ་ཡུལ། ཝང་ཡོན། 18009717580 ཝང་ཧའེ་ཐའོ། 18097181000

1.དངུལ་ཁང་བརྒྱུད་དེ་ཞལ་འདེབས་འབུལ་ས། 

རྩིས་ཐོའི་མིང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། 

རྩིས་ཐོའི་ཨང་གྲངས། 63001513737050016350

རྩིས་ཐོ་བཀོད་སའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་ཟི་ལིང་བྱང་ལམ་ཆེན་མོའི་ཡན་ལག་དངུལ་ཁང་། 

2.དྲ་ཚིགས་བརྒྱུད་དེ་ཞལ་འདེབས་འབུལ་ས། 

(1)མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞལ་འདེབས་ཆ་འཕྲིན་ཁྱབ་བསྒྲགས་སྟེགས་བུར་ཐོ་ཞུགས་བྱེད་པ། (http://fabu.qhredcrss.org.cn)

(2)ངས་ཞལ་འདེབས་འབུལ་བ་ཞེས་པ་གནོན་པ། 

3.སྤྱི་སྟེགས་བརྒྱུད་དེ་ཞལ་འདེབས་འབུལ་ས། 

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་སྟེགས་ལ་དོ་ཁུར་བྱས་རྗེས། སྐད་འཕྲིན་ལས་ཐད་ཀར་ཞལ་འདེབས་ཕུལ་ཆོག 

(གཉིས།)མཚོ་སྔོན་ཞིང་ཆེན་སྙིང་རྗེ་ཚོགས་པས་གཙོ་བོ་སྨན་བཅོས་རྒྱུ་ཆ་དང་འགོག་སྲུང་ཡོ་ཆས། ཕྱོགས་ངེས་གཏན་གྱི་རྒྱུ་དངོས་གཞན་དག་དང་ལེན་བྱེད་དགོས། འབྲེལ་གཏུག་བྱ་ཡུལ། ལིས་ཅན་ཕིང་། འབྲེལ་གཏུག་ཁ་པར

ཨང་གྲངས། 13997191300

རྩིས་ཐོའི་མིང་། མཚོ་སྔོན་ཞིང་ཆེན་སྙིང་རྗེ་ཚོགས་པ། 

རྩིས་ཐོའི་ཨང་གྲངས། 105004380390

རྩིས་ཐོ་བཀོད་སའི་དངུལ་ཁང་། ཀྲུང་གོའི་དངུལ་ཁང་ཟི་ལིང་གྲོང་ཁྱེར་རྨ་ཆུ་ལམ་གྱི་ཡན་ལག་དངུལ་ཁང་། 

དངུལ་ཁང་གི་ཨང་རྟགས། 104851003326

གཉིས། དང་དུ་ལེན་པའི་ཞལ་འདེབས་རྒྱུ་དངོས་ཀྱི་རིགས། 

1.རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་དེང་སྐབས་ཉེ་བར་མཁོ་བའི་རིགས་ཏེ། དེའི་ནང་དུ་སྨྱན་སྤྱོད་སྒྲིག་ཆས་དང་སྨན་བཅོས་ཡོ་བྱད། ཚོད་ལྟའི་སྨན་རྫས། སྨན་རྫས། འགོག་སྲུང་ཡོ་བྱད། དུག་སེལ། བཀྲུ་བྱེད་ཡོ་བྱད། འཛད་རྫསདེའི་ཁྲོད་དུ་ཁ་ཐུམ་དགོས་མཁོ་ཅུང་ཆེ། སོགས་འདུས། 

2.ཞལ་འདེབས་སུ་ཕུལ་བའི་རྒྱུ་དངོས་ཡོད་ཚད་ཁྲིམས་མཐུན་ཁེ་ལས་ཀྱི་ཐོན་རྫས་ཡིན་དགོས་པར་མ་ཟད། འགན་སྲུང་ཡུན་ཚད་ནང་ཚུན་གྱི་ཡིན་པའི་ཁར་རྒྱལ་ཁབ་ཀྱི་སྤུས་ཚད་ཚད་གཞི་སོ་སོར་མཐུན་ཞིང་། ཕྱི་ཐུམ་རལ་མེད་པ་དང་སྦགས་བཙོག་བཟོས་མེད་པ་དག་ཡིན་དགོས། 

3.རྒྱུ་དངོས་ཞལ་འདེབས་སུ་མ་ཕུལ་སྔོན་ལ་ཁ་པར་ལས་འབྲེལ་གཏུག་བྱས་ཏེ། བསམ་ཚུལ་བརྗེ་རེས་བྱས་ནས་ངོས་ལེན་ཐོབ་རྗེས་སུ་འབུལ་དགོས། 

4.ཞལ་འདེབས་རྒྱུ་དངོས་འདྲུད་སྐྱེལ་ལ་འགན་སྲུང་གི་འབྲེལ་གཏུག་ཁ་པར། 

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། 

ཡེད་ཉིང་། 13389717327 ལིས་ཡུང་ཕིང་། 18009710792

མཚོ་སྔོན་ཞིང་ཆེན་སྙིང་རྗེ་ཚོགས་པ། 

ལིས་ཅན་ཕིང་། 13997191300 ཝུའུ་ཡེ་ཧོང་། 13519700650

གསུམ། ཞལ་འདེབས་རྒྱུ་དངོས་བཀོལ་སྤྱོད་བྱེད་ཚུལ། 

ཞལ་འདེབས་སུ་ཕུལ་བའི་རྒྱུ་དངོས་རྩ་དོན་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐག་གཅོད་བྱ་བའི་བཀོད་འདོམ་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་དང་བགོ་བཤའ་བརྒྱབ་ནས་བཀོལ་སྤྱོད་བྱེད་དགོས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་སྙིང་རྗེ་ཚོགས་པ་གཉིས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞལ་འདེབས་བསྡུ་བ་དང་། བཀོལ་སྤྱོད་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགསག་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས། 

2020ལོའི་ཟླ1ཚེས28ཉིན།