མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ། (ཨང 2 པ)
2020.02.01 ཁུངས། ཀློག་གྲངས། 8

རང་ཞིང་ཆེན་གྱིས་མིག་སྔའི་གསར་བྱུང་ཏོག་དབྱིབས་ནད་དུག་འགོ་ནད་ཅན་གྱི་གློ་ཚའི་རིམས་ནད་ཀྱི་སྔོན་འགོག་གནས་བབ་ལ་དམིགས་ཆེད་དང་། གསར་བྱུང་ཏོག་དབྱིབས་ནད་དུག་འགོ་ནད་ཅན་གྱི་གློ་ཚའི་རིམས་ནད་ཀྱི་འགོག་སྲུང་བྱ་བར་ཤུགས་སྣོན་བྱེད་པ། ཕན་འབྲས་ལྡན་པའི་སྒོས་རིམས་ནད་འགོས་ཁྱབ་འགོག་པ། མི་དམངས་མང་ཚོགས་ཀྱི་སྐུ་གཟུགས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིམས་ནད་སྔོན་འགོག་བཅོས་སྐྱོང་བཅའ་ཁྲིམས》 དང《མཚོ་སྔོན་ཞིང་ཆེན་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་མྱུར་བསྟུན་ཇུས་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། ཞིང་ཆེན་མི་དམངས་སྲིད་གཞུང་གིས2020ལོའི་ཟླ་དང་པོའི་ཚེས25ཉིན་གྱི་ཆུ་ཚོད24ནས་བཟུང་། མཚོ་སྔོན་ཞིང་ཆེན་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཆེན་པོ་འགོག་སྲུང་གི་རིམ་པ་དང་པོའི་འབོད་སྐུལ་དང་ལེན་བྱེད་མགོ་བརྩམ་སྟེ། ཁྲིམས་བསྟུན་ལུགས་བསྟུན་གྱིས་ཚན་རིག་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཐག་བཅད། མཚམས་འཇོག་དུས་ཚོད་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟུར་དུ་བརྡ་གཏོང་ངེས།

                                                                                                

                                                                                         མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།


                                                                                                     2020ལོའི་ཟླ་དང་པོའི་ཚེས25ཉིན།