ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དྲན་སྐུལ་ཞུས་པར། སྤྱི་ཟླ་1པོའི་ཚེས་30ཉིན། ལྷ་ས་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཕོག་པ་གཅིག་གཏན་འཁེལ་བྱུང་ཡོད། ནད་པ་དེ་སྤྱི་ཟླ་1པོའི་ཚེས་22ཉིན་གྱི་ཆུ་ཚོད་23:00ཐོག་ཝུའུ་ཧན་ཝུའུ་ཁྲང་ནས་མེ་འཁོར་Z264ཡི་འཁོར་སྒྲོམ་13པའི་ཁང་པ་16གི་ཉལ་ཁྲི་སྟེང་མར་བསྡད་པ་དང་། སྤྱི་ཟླ་1པོའི་ཚེས་23ཉིན་གྱི་ཆུ་ཚོད་19:11ཐོག་ཟི་ལིང་དུ་འབྱོར། སྤྱི་ཟླ་1པོའི་ཚེས་23ཉིན་གྱི་ཆུ་ཚོད་19:31ཐོག་ཟི་ལིང་ནས་མེ་འཁོར་Z265ཡི་འཁོར་སྒྲོམ་13པའི་ཁང་པ་16གི་ཉལ་ཁྲི་སྟེང་མར་བསྡད་དེ་སྤྱི་ཟླ་1པོའི་ཚེས་24ཉིན་གྱི་ཆུ་ཚོད་16:45ཐོག་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་ཡོད།
ད་ལྟ། མེ་འཁོར་Z264ཡི་འཁོར་སྒྲོམ་13པ་དང་། མེ་འཁོར་Z265ཡི་འཁོར་སྒྲོམ་13པའི་ནང་བསྡད་དེ་ཡོང་བའི་འགྲུལ་པ་ཚོར་དྲན་སྐུལ་ཞུ་རྒྱུར། འགོས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། གཤམ་གསལ་གྱི་འགོག་སྲུང་བྱ་ཐབས་བཟུང་དགོས་པ་སྟེ།
གཅིག ནད་པ་དང་མེ་འཁོར་གཅིག་ནང་ཡོང་མཁན་རྣམ་པས་ཁྱིམ་དུ་ལོག་རྗེས། གནས་སྐབས་ཕྱིར་མི་སྐྱོད་པར་རང་ཁྱིམ་དུ་ལོགས་སུ་བསྡད་ནས་ལྟ་ཞིབ་བྱེད་དགོས། ནད་རྟགས་ཐོན་ཚེ་འཕྲལ་མར་ཉེ་འགྲམ་གྱི་དམིགས་བཙུགས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས།
གཉིས། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་བཞུགས་མི་རུང་།
གསུམ། ནད་པ་དང་མེ་འཁོར་གཅིག་ནང་ཡོང་མཁན་རྣམ་པས་འཕྲལ་མར་རང་སྡེ་ཁུལ་དུ་ཐོ་འགོད་བྱེད་དགོས་པ་དང་། སྡེ་ཁུལ་གྱིས་འཕྲལ་མར་རང་ས་ཁུལ་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་སྙན་ཞུ་བྱེད་དགོས་པ་མ་ཟད་རྒྱུན་མཐུད་ལྟ་ཞིབ་བྱས་ནས་གནས་ཚུལ་སྙན་སེང་ཞུ་དགོས།