མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་ནས་བརྡ་ཐོ་བཏང་།
2020.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 116

ཉེ་ལམ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་གིས་སྤེལ་བའི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་པར་འགྲེམས་བྱས་པའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དང་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམ་པ་སོ་སོའི་ཏང་ཨུའི་འགོ་ཁྲིད་འོག རང་འགུལ་ངང་འགན་འཁྲི་ཧུར་ཐག་སྒོས་བསྒྲུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

བརྡ་ཐོའི་ནང་བསྟན་དོན། བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་གཏོང་དགོས། ཚེ་སྲོག་རི་བོ་ཐའེ་ཧྲན་ལས་ཀྱང་ལྗིད་པ་དང་། རིམས་ནད་སྔོན་འགོག་ནི་བཀའ་རྒྱ་ཡིན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཡིག་ཆ་གཉིས་ཀྱི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་ཏན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ལས་དོན་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ལག་ལེན་དུ་བསྟར་བའི་སྟེང་མངོན་ཅི་ཐུབ་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ལག་ལེན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། རྣམ་འགྱུར་སྔར་ལས་ལེགས་པ་དང་བྱེད་ཐབས་དེ་བས་ནན་མོ་ཡིན་པ།  བྱ་སྤྱོད་སྔར་ལས་རྦད་ཆོད་ཀྱི་སྒོ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་པར་མ་ཟད། སྤྱི་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། མི་ཤུགས་དང་ནོར་ཤུགས། དངོས་ཤུགས་སོགས་ཀྱི་ཐད་ནས་གཅིག་གྱུར་བཀོད་སྒྲིག་དང་བཀོད་གཏོང་དང་ལེན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་བྱེད་དགོས་ཟེར།