གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རང་ཞིང་གིས་རིམས་ནད་འགོག་སྲུང་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་བྱས་པ་གཞིར་བཟུང་ནས། རྒྱ་ཆེའི་འགྲུལ་བ་རྣམས་འགྲོ་འོང་གི་དགོས་མཁོ་སྐོང་ཆེད། ཟི་ལིང་རླངས་འཁོར་འབབ་ཚུགས་ཀྱིས་རིམ་པ་བཞིན་འགྲུལ་སྐྱེལ་ལམ་ཐིག་དག་བསྐྱར་གསོ་བྱ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།
གཅིག 2020ལོའི་ཟླ2པའི་ཚེས21ཉིན་ནས་བཟུང་། འགྲུལ་སྐྱེལ་ལམ་ཐིག་བདུན་སླར་གསོ་སྒོས་ཤར་གཏོང་བྱ་རྒྱུ་ཡིན་ཏེ། སོ་སོར་ཟི་ལིང་ནས་ཡུས་ཧྲུའུ་བར་དང་། ཟི་ལིང་ནས་ཏུའུ་ལན་བར། ཟི་ལིང་ནས་ལི་ཏུའུ་བར། ཟི་ལིང་ནས་གུང་ཧོ་བར། ཟི་ལིང་ནས་ཐུན་རིན་བར། ཟི་ལིང་ནས་ནུབ་མཚོ་བར། ཟི་ལིང་ནས་རྐང་ཚ་བར་བཅས་ཡིན།
གཉིས གོང་གི་འགྲུལ་སྐྱེལ་རླངས་འཁོར་འདི་དག་ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་འབབ་ཚིགས (ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་ཤར་ཕྱོགས་ན་ཡོད)ནས་གཏོང་མགོ་བརྩམ་རྒྱུ་རེད།
གསུམ། རླངས་འཁོར་འབབ་ཚིགས་སུ་འགྲོ་དུས་འགྲུལ་བ་རྣམས་ཀྱིས་ཁ་ཐུམ་རྒྱག་དགོས་པ་དང་། རང་གི་ཆ་འཕྲིན་ཐོ་འགོད་བྱེད་དགོས་ལ། ཞིང་ཆེན་གཞན་གྱི་ཐོབ་ཐང་ལག་ཁྱེར་ཡིན་ན་སྡེ་ཁུལ་དང་ལས་ཁུངས་བཅས་ཀྱིས་ཞིང་ཆེན་ཕྱི་རུ་མ་སོང་བའི་བདེན་དབང་བྱ་དགོས། ཞིང་ཆེན་གཞན་ནས་ཡོང་བའི་འགྲུལ་བར་ལོགས་བཀར་ལྟ་ཞིབ་མཇུག་སྒྲིལ་བའི་བདེན་དཔང་དགོས།
བཞི། ཞིང་ཆེན་གྱིས་རིམས་ནད་འགོག་སྲུང་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་བྱས་པ་ལྟར། ཟི་ལིང་རླངས་འཁོར་འབབ་ཚིགས་ཀྱིས་འགྲུལ་བ་འགྲོ་འོང་གི་འགྱུར་ལྡོག་ལ་གཞིགས་ཏེ་ཞིང་ཆེན་མངའ་ཁོངས་ཀྱི་འགྲུལ་སྐྱེལ་ལམ་ཐིག་གཞན་དག་ཀྱང་རིམ་པ་བཞིན་སླར་གསོ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་འགྲུལ་བ་རྣམས་ཀྱིས་འབྲེལ་ཡོད་སྨྱན་བྱད་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་འབབ་ཚིགས་ཚད་ཡོད་འགན་ལེན་ཀུང་ཟིའི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ཏེ་དུས་ལྟར་ཆ་འཕྲིན་ལ་གཟིགས་ཆོག
ལྔ། རྒྱ་ཆེའི་འགྲུལ་བ་རྣམས་ལ་དོགས་གཞི་ཅི་ཞིག་ཡོད་ན་ཟི་ལིང་རླངས་འཁོར་ས་ཚིགས་ཀྱི་ཞབས་ཞུ་ལྟེ་གནས་སུ་ཁ་པར་པར་བཏང་དྲིས་ཆོག
ཐོན་སྐྱེད་ལས་གཉེར་ཚན་ཁག་གི་ཁ་པར་ཨང་གྲངས་ནི། 0971-6333028
འགྲུལ་བར་ཞབས་ཞུ་བྱེད་པའི་ཁ་པར་ཨང་གྲངས་ནི། 0971-6333006
0971-6333008
མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་འབབ་ཚིགས་ཚད་ཡོད་འགན་ལེན་ཀུང་སི།
2020ལོའི་ཟླ2པའི་ཚེས19ཉིན།
གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།