ཟི་ལིང་གྲོང་ཁྱེར་རླངས་འཁོར་དོ་དམ་ཁང་གི་ལས་སྒོ་སོ་སོ་གཟའ་འཁོར་རྗེས་མ་ནས་བསྐྱར་གསོ་བྱ་རྒྱུ་རེད།
2020.02.22 ཁུངས། ཀློག་གྲངས། 35

རྒྱ་ཆེ་བའི་འཁོར་བདག་དང་ཁ་ལོ་བ། རླངས་འཁོར་གྱི་ཁ་ལོ་བར་རྒྱུགས་སྤྲོད་པར་རེ་ཞུ་བྱེད་མཁན་རྣམ་པ།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་རླངས་འཁོར་དོ་དམ་ཁང་གིས2020ལོའི་ཟླ2པའི་ཚེས24ཉིན།(གཟའ་ཟླ་བ)སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་འཁོར་རིགས་དོ་དམ་བྱེད་པའི་ལས་སྒོ་ཕྱོགས་ཡོངས་ནས་བསྐྱར་གསོ་བྱ་རྒྱུ་ཡིན།བརྡ་སྦྱོར་གྱི་ནང་དོན་གཤམ་གསལ་ལྟར།

གཅིག རླངས་འཁོར་དོ་དམ་ཁང་གི(རྫོང་གསུམ་འདུ)ཞབས་ཞུའི་ལས་སྒོ་སོ་སོ་བསྐྱར་གསོ་བྱ་རྒྱུ།

གཉིས། རླངས་འཁོར་གྱི་ཁ་ལོ་བར་རྒྱུགས་སྤྲོད་པའི་བྱ་བ་བསྐྱར་གསོ་བྱ་རྒྱུ(བསླབ་ཚན་དང་པོ་དང་གཉིས་པ། གསུམ་པ། བཞི་བ།)། སྔོན་མར་དུས་བཅད་བྱས་ཟིན་ནའང་རིམས་ནད་ཀྱི་དབང་གིས་དུས་ལྟར་རྒྱུགས་ལ་ཞུགས་མ་ཐུབ་པ་དག་གིས་རང་ཉིད་ཀྱི་དགོས་མཁོ་ལྟར་སྔོན་ལ་རྒྱུགས་སྤྲད་ཆོག

གསུམ། རླགས་འཁོར་ཁ་ལོ་བའི་དཔང་རྟགས་ལ་དཔྱད་ཞིབ་དང་ཡུལ་དངོས་སློབ་སྦྱོང་གི་སློབ་གསོ། དེ་མིན་རྒྱུགས་སྤྲོད་ཀྱི་ལས་སྒོ་སོགས་བསྐྱར་གསོ་བྱ་རྒྱུ།

བཞི། ཁ་ལོ་བའི་དཔང་རྟགས་ཐོ་ཁོངས་ནས་བསུབ་པ་བསྐྱར་གསོ་དང་དམག་མི་དང་ཉེན་རྟོག་ཁ་ལོ་བའི་དཔང་ཡིག་བརྗེ་བ། ས་ཁོངས་ཕྱིའི་ཁ་ལོ་བའི་དཔང་ཡིག་བརྗེ་བའི་རྒྱུགས་སྤྲོད་བྱ་བ་བསྐྱར་གསོ་བྱ་རྒྱུ།

ལྔ། ཁྲིམས་འགལ་ཐག་གཅོད་ཀྱི་ལས་སྒོ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་དག་གི་ཕྱི་ཕྱོགས་ཞབས་ཞུ་བྱེད་ས་གདམ་ནས་ཐག་གཅོད་བྱས་ཆོག

དྲུག རིམས་འགོག་གི་བྱ་བ་ལེགས་པོར་བསྒྲུབ་ཆེད། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་སྦྲེལ་དྲ་བརྒྱུད་ནས“འགྲིམ་འགྲུལ་དོ་དམ12123”ཁ་པརAPPལས་ལས་སྒོ་སྣ་ཚོགས་བསྒྲུབ་ཆོག

གསལ་འདེབས།

མིག་སྔར་སྔར་བཞིན་རིམས་འགོག་གི་གནས་སྐབས་སུ་ཡོད་པས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་རླངས་འཁོར་དོ་དམ་ཁང་གིས་རིམས་འགོག་གི་བྱེད་ཐབས་དག་དོན་འཁྱོལ་ནན་མོ་བྱས་ཏེ། མི་སྣའི་ལས་དྲོད་ལ་བརྟག་པ་དང་དུག་སེལ་སོགས་འགོག་སྲུང་དང་ཞིབ་བཤེར་གྱི་བྱ་བ་བསྒྲུབ་རྒྱུ་ཡིན། དེ་བས་རྒྱ་ཆེའི་འཁོར་བདག་དང་ཁ་ལོ་བ། ཁ་ལོ་བའི་དཔང་ཡིག་ལ་རྒྱུགས་སྤྲོད་པར་རེ་ཞུ་བྱེད་མཁན་དག་གིས་རང་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་ཏེ། ཁ་ཐུམ་རྒྱག་པ་དང་སྤྱི་བའི་དངོས་རྫས་ལ་མི་རེག་པ། ལས་བྱེད་མི་སྣའི་རིམས་འགོག་གི་བྱ་བར་མཉམ་འབྲེལ་བྱེད་པ། སེམས་རྣལ་མོས་ལས་བྱེད་མི་སྣའི་མཛུབ་སྟོན་དང་བཀོད་སྒྲིག་ལ་ཉན་པ་བཅས་བྱ་དགོས།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་རླངས་འཁོར་དོ་དམ་ཁང་གི་ཁ་པར་ཨང་གྲངས།    0971—8016889

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས།

2020ལོའི་ཟླ2པའི་ཚེས21ཉིན།