མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་བཅུ་གསུམ་པ། ​
2020.02.26 ཁུངས། ཀློག་གྲངས། 58

ཏང་ཀྲུང་དབྱང་གི་གནད་ས་འབུར་ཐོན་དང་ཁྱོན་ཡོངས་དོ་སྣང་། རིགས་དགར་མཛུབ་སྟོན། ཁུལ་དགར་ཇུས་བསྟར་བཅས་ཀྱི་བླང་བྱ་ལྟར། རང་ཞིང་གིས་དུས་རིམ་སྔོན་མར་ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བསྒྲུབས་པར་ཐོག་མའི་ཕན་འབྲས་ཐོབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་རང་ཞིང་ཧྲིལ་བོ“ཉེན་ཁ་ཆུང་བའི་ས་ཁུལ”དུ་དབྱེ་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས》དང《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ས་ཁུལ་དང་རིམ་པ་དགར་བའི་གནད་འཁེལ་ཇུས་བསྟར་བྱ་བའི་ཐབས་ཇུས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་ལྟར། རང་ཞིང་གི་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ལ་དམིགས་པར་མ་ཟད། ཆེད་མཁས་པས་ཕྱོགས་ཡོངས་ནས་དཔྱད་འཇོག་བརྡར་གཅོད་བྱས་པ་བརྒྱུད་ནས། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ2པའི་ཚེས25ཉིན་གྱི་དུས་ཚོད24ནས་བཟུང་། རང་ཞིང་གི་གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་དང་མཁར་བྱང་ཆུའུ། ཧོང་ཀྲུང་ཆུའུ། མཚོ་བྱང་ཁུལ་མིན་ཡོན་རྫོང་བཅས་རྫོང་དང་ཆུའུ་བཞི་གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་དུ་བསྒྱུར་རྒྱུ་དང་། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་ཏ་ཐུང་རྫོང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་ཕེན་ཨན་ཆུའུ། ཧུའུ་ཀྲུའུ་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་ཐུན་རིན་རྫོང་བཅས་རྫོང་དང་གྲོང་ཁྱེར། ཆུའུ་བརྒྱད་སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་དུ་བསྒྱུར་རྒྱུའི་ཐག་བཅད་པ་ཡིན།

ཐེངས་འདིར་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་རིམ་པ་བསྒྱུར་རྗེས། རང་ཞིང་ལ་གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་མེད་པར་གྱུར་བ་དང་། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་བཅུ་གཉིས་དང་། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་སོ་གསུམ་ཡོད། ས་ཁུལ་སོ་སོས་དུས་བསྟུན་འགུལ་རྣམ་སྒྱུར་བཅོས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས། ས་ཁུལ་དང་རིམ་པ་དགར་ཏེ་ཡུལ་བབ་དང་བསྟུན་ནས་ཇུས་བསྟར་བྱེད་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་སྟེ། རྣམ་པར་མ་རྒྱལ་ན་རང་དགར་ལེགས་འགྲུབ་བྱུང་སོང་མི་ཟེར་བར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་གཉིས་གཅིག་གྱུར་གྱིས་བཟང་བོར་བསྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ2པའི་ཚེས25ཉིན་ལ།