མཚོ་སྔོན་ཞིང་ཆེན་མི་དོན་ཐིན་གྱིས་བརྡ་ཐོ་གལ་ཆེན་བཀྲམས།
2020.03.05 ཁུངས། ཀློག་གྲངས། 56

ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་སྐབས་ཀྱི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་ཟླ་ཕོགས་དང་འབྲེལ་བའི་གནད་དོན་སྐོར་གྱི་བརྡ་ཐོ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོར་སྤྲིངས་དོན།

རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་དགོངས་དོན་གཞིར་བཟུང་ནས་རིམས་ནད་འགོག་སྲུང་ལས་དོན་སྔར་བས་ཡག་པོར་བསྒྲུབས་སྟེ།  རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད།  ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད།  རིམས་ནད་འགོག་སྲུང་སྐབས་ཀྱི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་ཟླ་ཕོགས་དང་འབྲེལ་བའི་གནད་དོན་སྐོར་གྱི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།

གཅིག  ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་།  དོགས་ཡོད་ནད་པ། འབྲེལ་འདྲིས་ཟབ་པའི་མི་སྣ་བཅས་ལོགས་སུ་བཀར་ནས་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱས་པའམ།  ཡང་ན་སྲིད་གཞུང་གིས་ལོགས་སུ་བཀར་བའི་དབང་གིས་རྒྱུན་ལྡན་ལྟར་ལས་ཞུགས་བྱེད་མ་ཐུབ་པའི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་ཡིན་ན། དེའི་རིང་གི་ཟླ་ཕོགས་དང་ཞོར་ཕོགས་ལས་ཁུངས་ཀྱིས་རྒྱུན་ལྡན་ལྟར་བརྩི་དགོས།

གཉིས། གོང་གསལ་གྱི་གནས་ཚུལ་ཕུད། རང་ཞིང་གི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་རིམས་ནད་ཀྱི་དབང་གིས་དུས་ལྟར་མཚོ་སྔོན་དུ་ཕྱིར་ལོག་མ་ཐུབ་ཚེ།  ཕོགས་ཡོད་གུང་གསེང་དང་གཉེན་འཕྲད་གུང་གསེང་། ཡང་ན་ལས་ཁུངས་ནང་ཁུལ་གྱི་གུང་གསེང་སོགས་བཀོད་སྒྲིག་བྱེད་དགོས།

གསུམ། རང་ཞིང་གི་ལས་ཁུངས་ཀྱིས་གོང་གསལ་གཏན་འབེབས་ལ་གཞིགས་ནས་ལག་བསྟར་བྱ་དགོས།

བཞི། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རིམས་ནད་འགོག་སྲུང་སྐབས་ཀྱི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་ཟླ་ཕོགས་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་ཁུངས་ཁག་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། དུས་ལྟར་སྲིད་ཇུས་འགྲེལ་བཤད་ཡག་པོ་རྒྱག་དགོས་ལ། ལས་ཁུངས་སོ་སོས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་པ་དང་།  སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་རིམས་ནད་འགོག་སྲུང་གི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས།

2020ལོའི་ཟླ3པའི་ཚེས3ཉིན།