མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གསར་དུ་སྤེལ་བའི་བརྡ་སྦྱོར་འགའ།
2020.03.05 ཁུངས། ཀློག་གྲངས། 54

གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་ཅུའུ་དང་སློབ་གྲྭ་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་སློབ་གྲྭ་རྣམས་ལ།

ཞིང་ཆེན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི«ལས་སྒོ་སླར་གསོ་དང་སློབ་གྲྭར་བསྐྱར་ཞུགས་བྱེད་མཁན་གྱི་བདེ་ཐང་ཤར་བགྲོད་བྱང་བུའི་ལམ་ལུགས་ལག་བསྟར་བྱེད་པ་དང་འབྲེལ་བའི་བརྡ་སྦྱོར»(མཚོ་སྔོན་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང[2020] ཨང58པ)ཁྱོད་ཚོར་བརྒྱུད་བསྐུར་བྱ་རྒྱུ་ཡིན།

ས་གནས་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས། ས་གནས་ཀྱི་སློབ་གྲྭས་ཞིང་ཆེན་ནང་ཁུལ་གྱི་རྫོང་ཁོངས་བརྒལ་ནས་སློབ་གྲྭར་ལོག་པའི་དགེ་རྒན་དང་སློབ་མ།  ལས་བྱེད་མི་སྣ། སློབ་གྲྭའི་ལས་གཞི་འཛུགས་སྐྲུན་གྱི་མི་སྣ་སོགས་ལ་ལྟ་ཞིབ་བྱེད་པའི་ལས་དོན་ལ་མཛུབ་སྟོན་བྱ་དགོས་པ་མ་ཟད། ས་གནས་དེ་གའི་རིམས་འགོག་བཀོད་འདོམས་པུའུ་ལ་གནས་ཚུལ་སྙན་སེང་ཞུས་ནས། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་གྱིས་བདེ་ཐང་ཤར་བགྲོད་བྱང་བུ་ལས་སྒྲུབ་བྱ་དགོས་པའི་མི་སྣའི་ཁྱབ་ཁོངས་གསལ་འབེབས་བྱེད་པར་མཛུབ་སྟོན་བྱ་དགོས།

ས་གནས་དེ་གའི་བཀོད་འདོམས་པུའུ་དང་ཡང་ན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་བདེ་ཐང་ཤར་བགྲོད་བྱང་བུ་ལས་སྒྲུབ་བྱ་དགོས་པའི་མི་སྣ་གསལ་འབེབས་བྱས་ཚེ། སློབ་གྲྭས་དུས་ཐོག་ཏུ་མི་སྒེར་ལ་བརྡ་བཏང་ནས་སློབ་གྲྭར་མ་ལོག་སྔོན་ལ་རང་ཉིད་ཡོད་སའི་ས་གནས་དེའི་སྡེ་བ(སྡེ་ཁུལ)རུ་ལས་སྒྲུབ་བྱ་དགོས་པ་མ་ཟད། ནུས་ཐོན་དུས་ཚད་ནང་གི་ཤར་བགྲོད་བྱང་བུ་ཁྱེར་ནས་སློབ་གྲྭར་ཕྱིར་ལོག་པར་བྱ་དགོས། མཐོ་སློབ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ། སློབ་གྲྭ་འབྲིང་ཆུང་བཅས་ཀྱིས་སློབ་གྲྭ་གནས་སའི་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་འབྲེལ་མཐུད་བྱས་ཏེ་འབྲེལ་ཡོད་དོན་གནད་ཁ་གསལ་བཟོས་ནས་སློབ་མགོ་བརྩམས་རྗེས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས། ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་དོ་དམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་ལས་སྒོ་སླར་གསོ་དང་སློབ་གྲྭར་བསྐྱར་ཞུགས་བྱེད་མཁན་གྱི་བདེ་ཐང་ཤར་བགྲོད་བྱང་བུ་ཐོ་འགོད་བྱས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་སློབ་གྲྭར་བསྐྱར་ཞུགས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་ཏོག་གསར་ནད་དུག་འགོས་ནད་ཀྱི་གློ་ཚད་རིམས་འགོག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང།(ཚབ)

2020ལོའི་ཟླ3པའི་ཚེས4ཉིན།