གསར་བྱུང་ཏོག་དབྱིབས་རིམས་ནད་འདི་རྒྱལ་ཡོངས་ལ་ཁྱབ་པ་ནས་བཟུང་། བཤད་ཡམས་སྣ་ཚོགས་ཀྱང་རིམ་བཞིན་ཡོང་བཞིན་འདུག་ལ། དཔེར་ན། རིམས་ནད་འགོས་ཡོད་པའི་ནད་པར་ལག་འཇུ་བྱས་པས་ནད་འགོ་བ་དང་། ཤོག་སྒོར་ལ་རེག་པ་ཙམ་གྱིས་ནད་འགོ་བ་སོགས་གླེང་བཞིན་འདུག སྨན་པ་ཆེད་མཁས་པ་བཤད་པ་ལྟར་ན། ཐུག་རེག་གིས་ཐད་ཀར་དུ་འགོ་མི་སྲིད་པར། རིམས་ནད་འགོས་ཡོད་པའི་ནད་པར་ལག་འཇུ་བྱས་པའི་རྐྱེན་གྱིས། འགོས་ནད་དེ་ལག་པའི་ནང་ངོར་ཆགས་ནས་འདུག་མོད། དེ་ཉིད་ལ་སྐྱི་ལྤགས་བརྟོལ་ནས་ལུས་ཀྱི་ནང་ལ་ཁྱབ་པའི་སྟོབས་ཤུགས་མི་འདུག ཡིན་ཡང་ལག་པ་གཙང་བཀྲུ་མ་བྱས་པའི་དབང་གིས་མིག་འཕུར་བ་དང་། སྣ་སྒོར་རེག་པ། ཁ་ལ་རེག་པ་སོགས་བྱས་པའི་སྟབས་ཀྱིས་དབང་སྒོ་དེ་དག་བརྒྱུད་ནས་ངེས་པར་དུ་འགོས་འགྲོ་ཞེས་ཆེད་མཁས་པས་གསལ་འདེབས་བྱེད་བཞིན་འདུག