མཚོ་སྔོན་ཞིང་ཆེན་དུ་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་པ1གསར་སྣོན་བྱུང་ལ། བསྡོམས་གྲངས་དགུ་རུ་འཕར།
2020ལོའི་ཟླ1ཚེས31ཉིན། མཚོ་སྔོན་ཞིང་ཆེན་གསར་བྱུང་ཏོག་དབྱིབས་ནད་དུག་གློ་ཚའི་རིམས་ནད་ཀྱི་གནས་ཚུལ།
2020ལོའི་ཟླ1ཚེས31ཉིན་གྱི་ཆུ་ཚོད0-24བར། མཚོ་སྔོན་ཞིང་ཆེན་གྱིས་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ངོས་བཟུང་བྱས་པའི་སྙན་ཞུ་ཕུལ། གསར་བསྣན་ནད་ལྕི་ཅན0དང་། གསར་བསྣན་ཚེ་འདས་ཅན0 གསར་བསྣན་སྨན་ཁང་ལས་བུད་པ0རེད། དེ་ལས། ཟི་ལིང་གྲོང་ཁྱེར་གྱིས་གསར་བསྣན་ངོས་བཟུང་ཅན་གྱི་ནད་པ་གཅིག་ཡར་ཞུ་བྱས་པ་ལས། གྲོང་ཁྱེར་དང་ཁུལ་གཞན་དག་ལ་ནད་པའི་ཡར་ཞུ་མི་འདུག
ཟླ1ཚེས31ཉིན་གྱི་ཆུ་ཚོད24བར། མཚོ་སྔོན་ཞིང་ཆེན་གྱིས་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ངོས་བཟུང་ཅན9དང་། ནད་ལྕི་མོ་ཅན1དང་། ཚེ་འདས0 སྨན་ཁང་ལས་བུད་པ0ཡི་སྙན་ཞུ་ཕུལ། དེ་ལས། ནད་པ་ངོས་འཛིན་ཐག་ཆོད་བྱས་པ་ཟི་ལིང་གྲོང་ཁྱེར་དུ9ཡོད་ལ། གྲོང་ཁྱེར་དང་ཁུལ་གཞན་དག་ཏུ་ཡར་ཞུ་གཅིག་ཀྱང་མི་འདུག
མིག་སྔར་འབྲེལ་འདྲིས་ངེས་ཅན་བྱུང་བའི་མི135རྗེས་འདེད་ཐུབ་ཡོད།