ཟླ2ཚེས་4ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་2020ལོའི་ཟླ་2ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར་ལ་མཚོ་བྱང་ཁུལ་དུ་གཏན་འཁེལ་ནད་པ2གྱིས་མང་དུ་ཕྱིན་པ་ཁྱབ་བསྒྲགས་བྱས།
ནད་པ་ཧན་ཆེ་གེ་མོ། བུད་མེད། རང་ལོ་32 མཚོ་བྱང་ཁུལ་མིན་ཡོན་རྫོང་གི་མི་ཡིན། ད་ལྟ་མཚོ་བྱང་ཁུལ་མིན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་རྡོ་ནག་གྲོང་ཚོའི་ཨང་116པ་བསྡད་ཡོད། ཝུའུ་ཧན་གྲོང་ཁྱེར་དུ་བཟའ་བཏུང་ལས་རིགས་གཉེར་བཞིན་ཡོད། ནད་པ་མཱ་ཆེ་གེ་མོ(ནད་པ་ཧན་ཆེ་གེ་མོ་དང་མ་བུའི་འབྲེལ་བ་ཡིན་པ)ལོ་11ཡིན་པ་དང་མིག་སྔར་མཚོ་བྱང་ཁུལ་མིན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་རྡོ་ནག་གྲོང་ཚོའི་་ཨང་116པ། ཝུའུ་ཧན་གྲོང་ཁྱེར་དུ་སློབ་ཆུང་འགྲིམ་བཞིན་ཡོད། མ་བུ་གཉིས་ཀྱིས་ཟླ་1ཚེས་23ཉིན་ཝུའུ་ཧན་ནས་སྒེར་འཁོར་༿鄂AP778Y༾སྐོར་ནས་ལམ་ལ་ཆས་པ་དང་།ཟླ་1ཚེས་25ཉིན་མིན་ཡོན་རྫོང་དུ་འབྱོར་རྗེས་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པར་བཀོད་སྒྲིག་བྱས། ཟླ2པའི་ཚེས་1ཉིན་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པར་ལོགས་སུ་བཀར་ནས་སྨན་བཅོས་བྱས། ཟླ་2པའི་ཚེས་3ཉིན་ཏོག་དབྱིབས་ནད་དུག་གསར་བ་འགོས་ཡོད་པའི་གློ་ཚད་ཀྱི་ནད་རྟགས་གཏན་ཁེལ་བྱས། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་13སྟེང་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། མིག་སྔར་ནད་པ་ཚང་མའི་ནད་གཞི་བརྟན་པོ་ཡོད།
ནད་པ་ཧན་ཆེ་གེ་མོ་དང་མ་ཆེ་གེ་མོ་གཉིས་མཚོ་བྱང་ཁུལ་གྱིས་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ཐོག་མ་ཡེ་ཆེ་གེ་མོ་དང་རླངས་འཁོར་གཅིག་ལ་བསྡད་པ་དང་ཁོ་ཚོ་གཉེན་ཉེའི་འབྲེལ་བ་ཡིན་པ་རེད།
ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད13བར། མཚོ་བྱང་ཁུལ་ལ་གཏན་འཁེལ་ནད་པ་3ཡོད་པ་ཚང་མ་མིན་ཡོན་རྫོང་དུ་ཡོད་པ་རེད། མིག་སྔར་འབྲེལ་བ་དམ་ཟབ་ཡོད་པའི་མི་9ལ་རྗེས་འདེད་བྱས་ཤིང་ལོགས་སུ་བཀར་ནས་སྨན་བཅོས་ལྟ་ཞིབ་བྱེད་སྒང་ཡིན།
གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་ཁྲང་ཡུན་དྲ་བ་ལས་བསྒྱུར་།