གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།
2020ལོའི་ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད0ནས24བར་དུ། མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་གསར་བྱུང་ནད་པ་1ཇེ་མང་དུ་སོང་། གསར་བྱུང་ནད་པ་ལྗིད་མོ་དང་འདས་པའི་ནད་པ་མེད་ལ། སྨན་ཁང་ནས་བུད་པའི་ནད་པ3ཡོད། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་དུ་ཏན་འཁེལ་བྱས་པའི་གསར་བྱུང་ནད་པ1ཡོད་ལ། གྲོང་ཁྱེར་དང་ཁུལ་གཞན་དག་དུ་གསར་བྱུང་ནད་པ་མེད།ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ18ཡོད། དེའི་ཁྲོད་དུ། ནད་གཞི་ལྗིད་པའི་ནད་པ1ཡོད་པ་དང་། འདས་པའི་ནད་པ་མེད་ལ། སྨན་ཁང་ནས་བུད་པའི་ནད་པ3ཡོད། གཏན་འཁེལ་བྱས་ཟིན་པའི་ནད་པ15སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།མིག་སྔར་ནད་པར་འབྲེལ་འདྲིས་ཡོད་པའི་མི372ལ་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་ལ། ཉིན་དེར་སྨན་བཅོས་ལྟ་ཞིབ་བྱས་པ་བརྒྱུད་མི6ལ་ནད་འགོས་མེད་པར་གཏན་འཁེལ་བྱས་པ་དང་། མི366ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།