ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད24ཡར་སྔོན་དུ་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་བྱུང་གནས་ཚུལ་གསར་ཤོས།
2020.02.08 ཁུངས། ཀློག་གྲངས། 20

 གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།

    ཟླ2པའི་ཚེས7ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ3399ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས1280གསར་དུ་འཕར་བ་དང་། གསར་དུ་རྐྱེན་ལམ་དུ་ཤོར་མཁན86ལ་སླེབས།  གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ510ལ་སླེབས། དོགས་ཡོད་ནད་པ4214གསར་དུ་འཕར། ཉིན་དེར་སྨན་བཅོས་ལྟ་ཞིབ་བྱས་པ་བརྒྱུད་མི26702ལ་ནད་འགོས་མེད་པར་གཏན་འཁེལ་བྱས།

    ཟླ2པའི་ཚེས6ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་པ་ལྟར་ན་ད་ཡོད་གཏན་འཁེལ་ནད་པ31774ཡོད་ཅིང་།  ནད་པ་ལྕི་མོ6101ཡོད། བསྡོམས་པས་ནད་པ722རྐྱེན་ལམ་དུ་ཤོར་བ་དང་། ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ2050ཡོད། ད་ལྟའི་བར་བསྡོམས་པས་ཏོགས་དབྱིབས་ནད་དུག་གི་གློ་བའི་ཚ་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ34546ཡོད་པ་དང་། དོགས་ཡོད་ནད་པ27657ཡོད།  མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི345498ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ།  བསྡོམས་པས་མི189660ཡིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་མཆིས།

   ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ52ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ26དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ10། ཐེ་ཝན་ས་ཁུལ་དུ་ནད་པ16བཅས་ཡོད།