ཟླ2པའི་ཚེས7ཉིན་མཚོ་སྔོན་ལ་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པའི་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་སོང་མེད།
2020.02.08 ཁུངས། ཀློག་གྲངས། 16

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། 2020ལོའི་ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གི་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ་གཅིག་ཀྱང་གསར་དུ་འཕར་མེད་པ་དང་། ནད་པ་ལྕི་མོའི་རིགས་གཅིག་ཀྱང་གསར་དུ་འཕར་མེད་ལ། རིམས་ནད་ལས་འདས་པའི་མི་གཅིག་ཀྱང་མེད་པ་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱིར་བུད་པའི་ནད་པའང་མེད།

ཟླ2ཚེས7ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱས་པའི་ནད་པ18ཡོད་ཅིང་།  ནད་པ་ལྕི་མོ1དང་། འདས་ཟིན་པའི་ནད་པ་མེད་ལ།  སྨན་ཁང་ནས་བུད་པའི་ནད་པ3ཡོད་ལ། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15ཡོད་པ་དང་། མཚོ་བྱང་ཁུལ་དུ་ནད་པ3ཡོད། གཏན་འཁེལ་བྱས་ཟིན་པའི་ནད་པ15སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

   མིག་སྔར་ནད་པར་འབྲེལ་འདྲིས་ཡོད་པའི་མི411ལ་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་ལ།   ཉིན་དེར་སྨན་བཅོས་ལྟ་ཞིབ་བྱས་པ་བརྒྱུད་མི41ལ་ནད་འགོས་མེད་པར་གཏན་འཁེལ་བྱས་པ་དང་།  མི370ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།