བསྟུད་མར་ཉིན་ལྔའི་རིང་། རྒྱལ་ཡོངས་ཀྱི་ཧུའུ་པེ་ཕུད་པའི་ས་ཆ་གཞན་དུ་གསར་དུ་འཕར་བའི་ནད་དཔེ་509ཡོད།
2020.02.10 ཁུངས། ཀློག་གྲངས། 12

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱི་བསྡོམས་རྩིས་ལྟར་ན།  ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད0ནས་24བར།  རྒྱལ་ཡོངས་ཀྱི་ཧུའུ་པེ་ཕུད་པའི་ས་ཆ་གཞན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ 509ཡོད་ཅིང་།  བསྟུད་མར་ཉིན་ལྔ་ལ་གསར་དུ་འཕར་བའི་ནད་པའི་ཁ་གྲངས་མར་ཆགས། འདས་པའི་ཉིན་ལྔའི་རིང་གི་གསར་དུ་འཕར་བའི་ཁ་གྲངས་ནི་སོ་སོར་ཚེས3ཉིན890དང་།  ཚེས4ཉིན731  ཚེས5ཉིན་707  ཚེས6ཉིན696   ཚེས7ཉིན་558བཅས་རེད། 

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།