ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད24ཡར་སྔོན་དུ་ཏོག་གསར་གློ་ཚད་བྱུང་བའི་གནས་ཚུལ་གསར་ཤོས།
2020.02.12 ཁུངས། ཀློག་གྲངས། 47

    གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ2015ཡོད་ཅིང་།  ནད་པ་ལྕི་མོའི་རིགས871གསར་དུ་འཕར་བ་དང་། གསར་དུ་རྐྱེན་ལམ་དུ་ཤོར་མཁན97ཡོད།  གསར་དུ་འཕར་བའི་དོགས་ཡོད་ནད་པ3342ཡོད། ཉིན་དེར་གསར་དུ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ744ཡོད་པ་དང་། སྨན་བཅོས་ལྟ་ཞིབ་བྱས་པ་བརྒྱུད་ནད་འགོས་མེད་པ་གཏན་འཁེལ་བྱས་པའི་མི30068ཡོད།

     ཟླ2པའི་ཚེས11ཉིན་གྱི་དུས་ཚོད24བར་དུ།   ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་བསྡོམས་པས་ད་ཡོད་གཏན་འཁེལ་ནད་པ38800ཡོད་ཅིང་།  དེའི་ནང་ནད་པ་ལྕི་མོ8204ཡོད། ད་ལྟའི་བར་བསྡོམས་པས་ཏོགས་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པ་གཏན་འཁེལ་བྱས་པའི་ནད་པ44653ཡོད་པ་དང་། དེའི་ཁྲོད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ4740དང་། རྐྱེན་ལམ་དུ་ཤོར་བའི་ནད་པ1113ཡོད།    ད་ཡོད་དོགས་ཡོད་ནད་པ16067ཡོད།  མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི451462ལ་རྗེས་འདེད་རྟོག་ཞིབ་བྱས་ཤིང་།  མི185037གྱིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

   ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ77ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ49དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ10། ཐེ་ཝན་ས་ཁུལ་དུ་ནད་པ18བཅས་ཡོད།

     གསལ་འདེབས།  གསར་བྱུང་ནད་པ་ལྕི་མོའི་ཁ་གྲངས་ནི་ཉིན་དེའི་ནད་པ་ལྕི་མོའི་ཁ་གྲངས་ལས་སྔ་ཉིན་གྱི་ནད་པ་ལྕི་མོའི་ཁ་གྲངས་འཐེན་པའི་ལྷག་མ་ཡིན་ཞིང་།  དེ་མིན་ནད་པ་ལྕི་མོའི་ནད་ཇེ་ཡང་དུ་ཕྱིན་ནས་ནད་པ་ཡང་མོར་གྱུར་པ་དང་ནད་ཇེ་སྡུག་ཏུ་ཕྱིན་ནས་འདས་སོང་བའི་སྣང་ཚུལ་ཡོད་པས་དེ་བཞིན་ཤེས་པར་བྱ། 

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།