དེ་རིང་ཡང་མཚོ་སྔོན་ནས་ནད་པ1སངས་དྲག་བྱུང་།
2020.02.18 ཁུངས། ཀློག་གྲངས། 63

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  ཟླ2པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་།  རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་སངས་དྲག་བྱུང་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད།  ཐེངས་འདིར་སྨན་ཁང་ལས་བུད་པའི་ནད་པ་ནི་ཟླ2པའི་ཚེས4ཉིན་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་ཤིང་།  ཉིན་བཅུ་གསུམ་གྱི་རིང་ལ་སྨན་བཅོས་བྱས་མཐར།  རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་བཅོས་ཇུས་གཞིའི》གཏན་འབེབས་ཁྲོད་ཀྱི་སྨན་ཁང་ལས་བུད་ཆོག་པའི་ཚད་གཞིར་ལོངས་ཏེ་སྨན་ཁང་ལས་བུད། འདི་ནི་རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ནད་པ་སངས་དྲག་བྱུང་བའི་མི14བ་ཡིན་ལ།  སྨན་ཁང་ལས་བུད་རྗེས་ད་དུང་ཉིན14རིང་ལ་ལོགས་བཀར་ལྟ་ཞིབ་བྱེད་དགོས་པ་རེད།

མིག་སྔའི་བར།  མཚོ་སྔོན་ལ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་པའི་ནད་པ18ཡོད་ཅིང་།  དེ་ལས་ནད་པ14སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པ་དང་།  ནད་པ4ལ་ད་དུང་སྨན་ཁང་ན་སྨན་བཅོས་བྱེད་བཞིན་ཡོད།

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།