གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། ཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ1སངས་དྲག་བྱུང་བ་དང་། སྨན་ཁང་ལས་བུད་ཆོག་པའི་ཚད་གཞིར་ལོངས་ཏེ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ལས་ཕྱིར་བུད། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་གྱི་ངེས་གཏན་སྨན་བཅོས་སྡེ་ཁག་གིས་སྨན་བཅོས་བྱས་པའི་ཏོག་གསར་གློ་ཚད་འགོས་པའི་ནད་པ་ཚང་མ་ཡོངས་སུ་སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད་ཡོད།
ཐེངས་འདིར་སྨན་ཁང་ལས་ཕྱིར་བུད་པའི་ནད་པ་ནི་ཟླ2པའི་ཚེས2ཉིན། ཞིང་ཆེན་དང་གྲོང་ཁྱེར་གྱི་འགོས་ནད་སྔོན་འགོག་སྡེ་ཁག་གིས་བརྟག་དཔྱད་བྱས་པ་བརྒྱུད་ཏོག་གསར་གློ་ཚད་འགོས་པའི་ནད་པར་གཏན་འཁེལ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནང་བསྡད་དེ་སྨན་བཅོས་བྱས།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཏན་འབེབས་བྱས་པའི་གཏན་འཁེལ་ལྟར། ནད་པ་འདི་སྨན་ཁང་ལས་བུད་རྗེས་ས་གནས་འཕྲོད་བསྟེན་སྡེ་ཁག་གི་ལྟ་སྐྱོང་འོག་ཉིན14རིང་ཁྱིམ་ནས་ལོགས་བཀར་བྱེད་དགོས་པ་རེད།
གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།