2020ལོའི་ཟླ2པའི་ཚེས22ཉིན་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་གནས་ཚུལ།
2020.02.23 ཁུངས། ཀློག་གྲངས། 37

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  2020ལོའི་ཟླ2པའི་ཚེས22ཉིན་གྱི་ཆུ་ཚོད0ནས24བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ་དང་། དོགས་ཡོད་ནད་པ་གཅིག་ཀྱང་མེད།

ཟླ2ཚེས22ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ18ཡོད་ཅིང་།  དེའི་ཁྲོད་ཟི་ལིང་གྲོང་ཁྱེར་དུ་ནད་པ15ཡོད་པ་དང་། མཚོ་བྱང་ཁུལ་དུ་ནད་པ3ཡོད། དེ་ཚང་མ་དྲག་ནས་སྨན་ཁང་ལས་བུད་ཡོད།

མིག་སྔར་ནད་པར་འབྲེལ་འདྲིས་ཡོད་པའི་མི437པོ་ཚང་མར་ནད་འགོས་མེད་པས་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག