ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་དྲུག་དང་ལྔ་བརྒྱ་གོ་གསུམ་ལ་འཕར།
2020.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཚེས་དྲུག་ཉིན་གྱི་ཞོགས་པ་ནས་ཕྱི་དྲོའི་དུས་ཚོད་བཞིའི་བར། ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་གསར་བ་སུམ་བརྒྱ་དང་དགུ་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་དྲུག་དང་ལྔ་བརྒྱ་གོ་གསུམ་ལ་འཕར་ཡོད་ཟེར། 

ཧན་གོའི་ཀྲུང་དབྱང་དོན་རྐྱེན་ཐག་གཅོད་སྡེ་ཁག་གི་པུའུ་ཀྲང་གཞོན་པ་ཅིན་ཀང་ལི་ཡིས་ཚེས་དྲུག་ཉིན་གྱི་སྔ་དྲོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྲིད་གཞུང་གིས་གཟའ་འཁོར་རྗེས་མར་མུ་མཐུད་དུ་འཚོ་བའི་གསོ་བཅོས་ལྟེ་གནས་ཀྱི་ཁ་གྲངས་ཇེ་མང་དུ་བཏང་སྟེ་ནད་པ་བསྡུ་ལེན་བྱེད་པའི་ཁ་གྲངས་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།