​དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་ལྔ་དང་བརྒྱད་བརྒྱ་གྱ་གསུམ་ལ་བསླེབས།
2020.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་ཐཱ་ལེའི་སྤྱི་དམངས་བདེ་སྲུང་པུའུ་ཡི་པུའུ་ཀྲང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་ལྔ་དང་བརྒྱད་བརྒྱ་གྱ་གསུམ་ལ་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་ཉིས་བརྒྱ་ཞེ་བདུན་འཕར་སྣོན་བྱུང་ཡོད་ལ། རིམ་རྩིས་ཀྱིས་ནད་པ་ཉིས་བརྒྱ་དང་སོ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དབྱི་ཐཱ་ལེའི་སྲིད་འཛིན་ཏང་ཁག་གཙོ་བོ་གཉིས་ཀྱི་ཡ་གྱལ་དམངས་གཙོ་ཏང་གི་མགོ་ཁྲིད་པ་ཅིན་ཅཱ་ལོས་ཏིས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཁོ་རང་ཉིད་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པ་གཏན་འཁེལ་བྱས་ཡོད་པ་དང་། མིག་སྔར་རང་ཁྱིམ་དུ་བཀག་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།