​འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བདུན་བརྒྱ་དང་གོ་ལྔར་འཕར།
2020.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

འཇར་པན་རིམས་ནད་ཚོད་འཛིན་ལས་ཁུངས་ཀྱི་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བདུན་བརྒྱ་དང་གོ་ལྔར་འཕར་བ་དང་། སྔ་ཉིན་ལས་ནད་པ་བརྒྱ་དང་ང་དྲུག་འཕར་ཡོད། མིག་སྔར་ད་རུང་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་ཤོར་མེད། 

གཞི་གྲངས་ལྟར་ན། འཇར་མན་ནུབ་ཕྱོགས་ཀྱི་པེ་ཧེ་ཀྲིག་དང་ལྷོ་ཕྱོགས་ཀྱི་པཱ་ཧྥུའུ་ཀྲིག པཱ་ཧྥ་ལེ་ཡཱ་ཀྲིག་བཅས་ཀྱི་རིམས་ནད་གནས་ཚུལ་ཚབས་ཆེན་ཡིན་པ་དང་། སོ་སོར་ནད་པ་སུམ་བརྒྱ་དང་དོན་གསུམ་དང་། ནད་པ་བརྒྱ་དང་བདུན་ཅུ། ནད་པ་བརྒྱ་དང་སོ་བཞི་བཅས་ཡོད། རྒྱལ་ས་པའོ་ལིན་དུ་ནད་ངོས་འཛིན་བྱས་པའི་ནད་པ་ཉེར་བརྒཡད་ཡོད། ཤར་ཕྱོགས་ཀྱི་སཱ་ཨན་ཀྲིག་ནི་འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ངོས་འཛིན་བྱས་མེད་པའི་ཀྲིག་གཅིག་པུ་རེད། 

རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་འཇར་མན་གྱིས་འགྲེམ་སྟོན་ཚོགས་འདུ་དང་ལུས་རྩལ་འགྲན་སྡུར་སོགས་བྱ་འགུལ་ཆེ་གྲས་གང་མང་ཞིག་རྩིས་མེད་དུ་བཏང་བའམ་རྗེས་སུ་སྣུར་ཡོད་པར་མ་ཟད། ཕྱི་རྒྱལ་དུ་ཁ་ཐུམ་དང་ལག་ཤུབས། འགོག་སྲུང་ལྭ་བ་སོགས་སྨན་བཅོས་མཁོ་རྫས་ཕྱིར་གཏོང་བྱེད་པ་གཏན་འགོག་བྱས་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།