སིང་ག་ཕོར་འཕྲོད་བསྟེན་པུའུ་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེར་ཚེས་བདུན་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བརྒྱད་གསར་དུ་བྱུང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བརྒྱ་དང་སོ་བརྒྱད་ལ་བསླེབ་ཡོད། ནད་ངོས་འཛིན་བྱས་པའི་ནད་པའི་ཁྲོད་ནས་བསྡོམས་པས་མི་དགུ་བཅུ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།