ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་བརྒྱད་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཚེས་བརྒྱད་ཉིན་གྱི་ཞོགས་པ་ནས་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། ཧན་གོ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱ་དང་དོན་དགུ་ཇེ་མང་ལ་སོང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་བདུན་དང་སུམ་བརྒྱ་བཅུ་གསུམ་ལ་བསླེབ་ཡོད་ཟེར།
དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བརྒྱད་ཉིན་གྱི་སྔ་དྲོའི་བར་དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གསར་བ་བདུན་བརྒྱ་དང་ཞེ་གསུམ་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་དྲུག་དང་ལྔ་བརྒྱ་རེ་དྲུག་ཏུ་བསླེབ་ཡོད་ལ། དེའི་ནང་ནད་པ་བརྒྱ་དང་གོ་བཞི་རྐྱེན་ལམ་དུ་ཤོར་ཡོད།
ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་བར། འཇར་པན་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བཞི་བརྒྱ་དང་གོ་བཞི་ཡོད་པ་དང་། ཉིན་དེར་ནད་པ་སོ་གསུམ་ཇེ་མང་དུ་སོང་ཡོད། དེ་ལས་གཞན་ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་སྦྲགས་སྲིད་གྲུ་གཟིངས་སྟེང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དྲུག་བརྒྱ་དང་གོ་དྲུག་ཡད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། འཇར་པན་རྒྱལ་ནང་དུ་མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མིག་སྔར་སྦྲགས་སྲིད་གྲུ་གཟིངས་སྟེང་ནད་པ་བདུན་རྐྱེན་ལམ་དུ་ཤོར་ཡོད།
འཇར་མན་རིམས་ནད་འགོག་བཅོས་ལས་ཁུངས་ཀྱི་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དགུ་བརྒྱ་དང་གཉིས་ལ་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་བརྒྱ་དང་བདུན་ཇེ་མང་དུ་སོང་ཡོད་ཟེར། འཇར་མན་གྱི་འཕྲོད་བསྟེན་བློན་ཆེན་ཧྲི་ཕན་གྱིས་ཚེས་བརྒྱད་ཉིན་མི་སྟོང་གཅིག་ཡན་གྱི་བྱ་འགུལ་ཆེན་མོ་ཚང་མ་རྩིས་མེད་དུ་བཏང་སྟེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་རྒྱུའི་གྲོས་གཞི་བཏོན།
སི་ཕན་འཕྲོད་བསྟེན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཚེས་བརྒྱད་ཉིན་གྱི་སྔ་དྲོའི་བར། སི་ཕན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ལྔ་བརྒྱ་དང་གྱ་དགུར་བསླེབ་ཡོད་པ་དང་། ནད་པ་བཅུ་གསུམ་རྐྱེན་ལམ་དུ་ཤོར། རྒྱལ་ཡོངས་སུ་འདས་པའི་དུས་ཚོད་ཉེར་བཞིའི་རིང་ནད་པ་བརྒྱ་དང་ང་དགུ་ཇེ་མང་དུ་སོང་ཡོད་ལ། ནད་པ་གསུམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། སི་ཕན་གྱི་ལཱ་ལི་ཨོ་ཧཱ་རང་སྐྱོང་ས་ཁུལ་སྲིད་གཞུང་གིས་ཉིན་དེར་ཨ་ལོ་གྲོང་རྡལ་དུ་དམིགས་བསལ་བྱེད་ཐབས་སྤྱད་དེ། མཁར་ཁུལ་སྐོར་ཞིག་བཀག་སྡོམ་བྱེད་རྒྱུ་མ་ཟད། དམག་ཤུགས་བཀོད་སྒྲིག་བྱས་ཏེ་ས་དེའི་སྡོད་དམངས་དག་རང་ཁྱིམ་ནས་སྡོད་པར་ཁག་ཐེག་བྱེད་པ་དང་། བྱེད་ཐབས་དེ་དང་འགལ་མཁན་ལ་ཡོ་སྒོར་སྟོང་གསུམ་ནས་ཡོ་སྒོར་འབུམ་དྲུག་གི་ཆད་པ་གཅོད་རྒྱུ་རེད།
སིང་ག་ཕོར་འཕྲོད་བསྟེན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། སིང་ག་ཕོར་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བཅུ་གཉིས་གསར་དུ་བྱུང་ཡོད་པ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བརྒྱ་དང་ལྔ་བཅུར་བསླེབ་ཡོད། གསར་དུ་འགོས་པའི་ནད་པའི་ཁྲོད་མི་དགུ་ལ་ཉེ་སྔོན་གྱི་གསོལ་སྟོན་འདུ་ཚོགས་ཤིག་ནས་འགོས་པ་རེད་ཟེར།
ཧི་ལན་རྒྱལ་ཁབ་སྤྱི་བའི་འཕྲོད་བསྟེན་དང་ཁོར་ཡུག་ཞིབ་འཇུག་ཁང་གིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཧི་ལན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དྲུག་ཅུ་གསར་དུ་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱ་དང་གྱ་བརྒྱད་དུ་བསླེབ་ཡོད་ལ། ནད་པ་གཅིག་རྐྱེན་ལམ་དུ་ཤོར།
པུ་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་ཁང་གིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། པུ་ལི་ཧྲི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དྲུག་ཅུ་གསར་དུ་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བརྒྱ་དང་རེ་དགུར་བསླེབ་ཡོད་ལ། དེའི་ནང་ནད་པ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར།
དེ་ལས་གཞན་ལུའུ་སིན་པའོ་འཕྲོད་བསྟེན་ཁང་གིས་ཀྱང་ཚེས་བདུན་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཅིག་འཕར་བ་ཁས་ལེན་བྱས་པ་དང་། རྒྱལ་ཁབ་དེར་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བཞིར་འཕར་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།