དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་ལྔ་དང་སྟོང་གསུམ་ལྔ་བརྒྱ་དོན་བརྒྱད་དུ་བསླེབས།
2020.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་ལྔ་དང་སྟོང་གསུམ་ལྔ་བརྒྱ་དོན་བརྒྱད་དུ་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་བཞི་དང་བརྒྱད་བརྒྱ་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་ནད་པ་སྟོང་དྲུག་དང་དོན་གཉིས་དྲག་སྐྱེད་བྱུང་ཡོད་ཟེར། 

སྡེ་ཁག་དེས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་དྲུག་དང་ལྔ་བརྒྱ་ང་བདུན་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་དགུ་བརྒྱ་དང་ཞེ་གསུམ་ཇེ་མང་དུ་སོང་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ངོས་འཛིན་བྱས་པའི་ནད་པའི་ཁྲོད། ནད་པ་ཁྲི་གཅིག་དང་སྟོང་བདུན་བདུན་བརྒྱ་ཐིག་བརྒྱད་ཀྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་སྟོང་གཉིས་དང་བརྒྱད་བརྒྱ་ང་བདུན་གྱིས་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་ཁྲི་གཉིས་དང་སྟོང་གཉིས་བརྒྱ་དང་བཅུ་དྲུག་རང་ཁྱིམ་དུ་བཀག་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།