འདི་ནི་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་ཨ་མེ་རི་ཁའི་ཨོ་ཨར་ལིང་གྲོང་ཁྱེར་ནས་པར་བླངས་པའི་ལས་མཚམས་བཞག་པའི་མའོ་ཞི་ཁོའི་ཟ་ཁང་ཞིག་རེད།
ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཅིན་ཕུའུ་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་བར། ཨ་མེ་རི་ཁ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཉིས་སྟོང་གཉིས་ཞེ་གསུམ་དུ་བསླེབས་པ་དང་། ནད་པ་ཉིས་བརྒྱ་དང་དོན་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཞི་གྲངས་དེ་ནི་སློབ་ཆེན་དེས་ཏོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་ཕྱོགས་བསྡུས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་གནས་ཚུལ་གྱི་སྙན་ལས་ཐོན་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།