ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། དམག་མི་ཞིག་གིས་དབྱི་ཐཱ་ལེའི་ལོ་མཱ་ཐེ་ཨར་མུས་ནེ་མེ་འཁོར་འབབ་ཚིགས་སུ་ལས་འགན་ལག་བསྟར་བྱེད་བཞིན་པ།
ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། སྐྱེས་པ་ཞིག་མི་རྒྱུན་མེད་པའི་དབྱི་ཐཱ་ལེའི་ལོ་མཱ་ཐེ་ཨར་མུས་ནེ་མེ་འཁོར་འབབ་ཚིགས་སུ་ལངས་ནས་བསྡད་ཡོད།
ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། བདེ་འཇགས་མི་སྣས་དབྱི་ཐཱ་ལེའི་ལོ་མཱ་ཐེ་ཨར་མུས་ནེ་མེ་འཁོར་འབབ་ཚིགས་ཀྱི་འགྲུལ་བར་ཞིབ་བཤེར་བྱེད་བཞིན་པ།
དབྱི་ཐཱ་ལེའི་དམག་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། པྲོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་དྲུག་དང་སྟོང་གསུམ་དགུ་བརྒྱ་ཉེར་བདུན་ལ་བསླེབ་པ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་དྲུག་དང་དོན་བདུན་རྐྱེན་ལམ་དུ་ཤོར། ནད་པ་སྟོང་བདུན་དང་བཞི་བརྒྱ་སོ་གཉིས་དྲག་སྐྱེད་བྱུང་ཡོད་ཟེར།
སྡེ་ཁག་དེའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་བསྡུར་ཚད་སྔ་ཉིན་ལས་དྲུག་བརྒྱ་དང་གཅིག་ཇེ་མང་དུ་སོང་ཡོད་པ་དང་། རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དང་དྲག་སྐྱེད་བྱུང་བའི་ནད་པ་སོ་སོར་སྔ་ཉིན་ལས་སྟོང་བཞི་དང་བདུན་བརྒྱ་གྱ་དགུ་དང་། བཞི་བརྒྱ་བརྒྱད་ཇེ་མང་དུ་སོང་ཡོད།
པའོ་ལོས་ལེ་ཡིས་ཉིན་དེའི་དགོང་མོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་རེར་དྲག་སྐྱེད་བྱུང་བའི་ནད་པ་ཇེ་མང་དུ་འགྲོ་བའི་སྣང་ཚུལ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།