ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཝེ་ལིང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་དགུ་བརྒྱད་བརྒྱ་ང་དྲུག་ཏུ་འཕར་ཡོད་པ་དང་། ནད་པ་བརྒྱད་བརྒྱ་དང་དྲུག་ཅུ་རྐྱེན་ལམ་དུ་ཤོར་ཟེར།
ཝེ་ལིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་ནད་པ་སྟོང་བརྒྱད་དང་དྲུག་བརྒྱ་དོན་ལྔ་ཡིས་སྨཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་ནད་པ་སྟོང་གཉིས་དང་གྱ་གཉིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ཧྥ་རན་སི་ནས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་སོ་བརྒྱད་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གྱ་དྲུག་ཇེ་མང་དུ་སོང་ཡོད།
ཧྥ་རན་སིའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། ཧྥ་རན་སིའི་ཤར་ཕྱོགས་ས་ཁུལ་དུ་སྨན་པ་གཉིས་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།